མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་དམག་དཔུང་ད་ལོའི་ལོ་མཇུག་གི་སྔོན་ལ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས25ཉིན་ཉེན་བརྡ་བཏང་སྟེ། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་འགོད་པར་ཁས་ལེན་མ་བྱས་ན། ཨ་མེ་རི་ཁའི་དམག་དཔུང་ད་ལོའི་ལོ་མཇུག་གི་སྔོན་ལ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨོ་པཱ་མཱ་ཡིས་ཉིན་དེར་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ལ་ཁ་པར་གཏོང་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད་ཟེར། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཁཱ་ཨར་ཀྲ་དབྱེ་ཡིས་བདེ་འཇགས་གྲོས་མཐུན་འགོད་མི་སྲིད་པའི་བསམ་ཚུལ་བསྟན་པ་དང་། ཨ་མེ་རི་ཁས་གསར་དུ་ཁ་སྣོན་བྱས་པའི་འཕྲལ་སྒྲུབ་འཆར་གཞིར་ཡར་སྐུལ་བྱེད་རྒྱུ་ཡིན་ལ། ཁོས་ཟུར་ལྔའི་ཐོག་ཁང་ཆེན་མོས་ལོ་མཇུག་གི་སྔོན་ལ་གོ་རིམ་ལྡན་པའི་སྒོ་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་བཀོད་སྒྲིག་བཟང་བོ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག