མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་སྲིད་གཞུང་གིས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སླར་གསོ་བྱེད་པར་ཨུ་ཚུགས་མཐར་བསྐྱེད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གིས་ཚེས25ཉིན་ནུས་ཁུངས་ཀྱི་གཞི་རྩའི་འཆར་གཞིའི་འཆར་ཟིན་གསར་བ་གཏན་འབེབས་བྱས་ཏེ། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེ་གལ་ཆེ་བའི་གཞི་རྩའི་གློག་ཁུངས་སུ་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། བདེ་འཇགས་ཡིན་པའི་ཆ་རྐྱེན་འོག་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སླར་གསོ་བྱེད་པའི་བྱེད་ཕྱོགས་ལ་ཡར་སྐུལ་གཏོང་རྒྱུའི་བསམ་ཚུལ་གསལ་བོར་བསྟན་ཡོད། དེ་ལས་འཇར་པན་གྱིས་དམངས་གཙོའི་ཏང་གི་ཡེ་ཐེན་སྲིད་དབང་གིས་བཏོན་པའི་ཉིས་སྟོང་སུམ་ཅུ་ལོའི་བར་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་མི་བྱེད་པའི་དམིགས་འབེན་དེ་རྩ་རྫོགས་བྱས་པ་མཚོན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག