མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བློ་འདོན་པ་སེ་ལི་ཡིས་བུའུ་ཁི་ལན་གྱི་དཔོན་པོ་འགའ་དང་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:05

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཚེས25ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱི་མཐོ་རིམ་བློ་འདོན་པ་སེ་ལི་ཡིས་བུའུ་ཁི་ལན་ནས་བུའུ་ཁི་ལན་གྱི་དཔོན་པོ་འགར་གྲོས་མོལ་བྱས་ཏེ། བུའུ་ཁི་ལན་གྱི་གནས་བབ་དང་བུའུ་ཁི་ལན་གྱི་བརྟན་འཇགས་དང་དར་རྒྱས་ཀྱི་མ་འོངས་པ་ཇི་ལྟར་མངོན་འགྱུར་བྱེད་པའི་ཐད་ནས་གྲོས་བསྡུར་བྱས།

ནེ་ཞི་ཨར་ཅི་ཡིས་བཤད་རྒྱུར། བུའུ་ཁི་ལན་གྱི་གྲོས་བསྡུར་དཔོན་པོ་ཐུའུ་ཨར་ཅི་ནོའུ་ཧྥུའུ་དང་གྲོས་མོལ་བྱས་པ་ལས་གཞན། སེ་ལི་ཡིས་ད་རུང་ཅི་ཧྥུའུ་ནས་བུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་ཀི་ལི་ཞན་ཁི་དང་། ནོར་སྲིད་བློན་ཆེན་ཚབ་མ་ཁི་ལོ་པའོ་ཧྥུའུ། ཕྱི་འབྲེལ་བློན་ཆེན་ཚབ་མ་ཨོ་ལེ་ཧྥེ་ལོ་ཧྥུའུ་སོགས་དང་གྲོས་མོལ་བྱས་ཏེ་དེང་སྐབས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར། སེ་ལི་ཡིས་དུས་ཡུན་ཉིན་ག་ཚོད་ལ་བུའུ་ཁི་ལན་དུ་འཚམས་འདྲི་བྱེད་པའི་ཐད་ནས་ནེ་ཞི་ཨར་ཅི་ཡིས་བསྟན་དོན། སེ་ལི་ཡིས་ཧུར་ཐག་སྒོས་ས་དེའི་མི་སྣ་མང་བོར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

སེ་ལི་ཡིས་བསྟན་དོན། ཁོས་ཕན་ཅི་བུན་གྱི་བརྡ་འཕྲིན་གཙོ་བོ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུའུ་ཁི་ལན་གྱི་སྤྱི་དམངས་ཡོངས་ལ་རྒྱབ་སྐྱོར་བྱེད་པ་དང་། བུའུ་ཁི་ལན་གྱི་མིས་གཙོ་ཁྲིད་བྱེད་ཅིང་། འགན་ཁུར་ལ་བཟོད་སྒོམ་རང་བཞིན་ལྡན་པའི་སྲིད་འཛིན་འཕེལ་རིམ་ཞིག་མངོན་འགྱུར་བྱེད་པར་རོགས་རམ་རྒྱུ་ཡིན་པའི་བསམ་ཚུལ་བརྒྱུད་སྒྲོག་བྱས་པ་ཡིན། འཕེལ་རིམ་དེ་ནི་དྲག་ཤུགས་མིན་པའི་བྱེད་ཐབས་ལ་བརྟེན་ནས་དམངས་གཙོ་དང་ཁྲིམས་སྐྱོང་། འགྲོ་མིའི་ཐོབ་ཐང་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་དབང་དང་དྲང་བདེན་གྱི་འདེམ་བསྐོའི་བྱ་འགུལ་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག