མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་ནས་གཙོ་བོ་དམག་དོན་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་བར་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་བསྡུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་སྟེང་། རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་གྱིས་བྱང་ཆིངས་རྩ་འཛུགས་ཀྱིས་ཐུན་མོང་གི་འགོག་སྲུང་ནུས་པར་ཤུགས་སྣོན་པ་དང་། མ་འོངས་པའི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་གཅིག་གྱུར་གྲོས་མཐུན་བྱུང་།

རྒྱལ་སྲུང་བློན་ཆེན་ཚོས་ཚོགས་ཐོག་ནས་བྱང་ཆིངས་རྩ་འཛུགས་ནང་ཁུལ་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་ཤུགས་ཁྱབ་ཁོངས་སུ་གྲོགས་པོའི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པར་དམིགས་ཏེ་གྲོས་གཞི་བཏོན། དེ་ལས་གཞན་ད་རུང་དྲ་རྒྱའི་བདེ་འཇགས་དང་རྒྱ་མཚོའི་བདེ་འཇགས་སོགས་གྲོས་གཞི་ལ་གྲོས་བསྡུར་བྱས།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ང་ཚོས་ལི་པུ་ཡཱ་དང་ཨ་ཧྥུའུ་ཧན་སོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་བརྒྱུད། ང་ཚོའི་འགུལ་སྐྱོད་ནུས་པས་མི་འདང་བ་དང་། ཁོངས་གཏོགས་རྒྱལ་ཁབ་རེ་འགའ་ཞིག་ལ་མ་གཏོགས་ཅུང་སྟོབས་དང་ལྡན་པའི་དམག་དོན་སྟོབས་ཤུགས་མེད་པ་བདེན་དཔང་ཐོབ་ཡོད་ཟེར། ལི་པུ་ཡཱའི་འགུལ་སྐྱོད་ཁྲོད་ང་ཚོའི་སྤུས་ལེགས་མཚོན་ཆ་དང་གསང་འཕྲིན། ལྟ་རྟོག མྱུལ་ཞིབ་བཅས་ཀྱི་ཐད་མི་འདང་ས་མང་བོ་ཡོད་ཟེར། བྱང་ཆིངས་རྩ་འཛུགས་ཀྱིས་མ་འོངས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ད་ལོའི་ཟླ་དགུ་བའི་ཝེ་ཨར་ཧྲིའི་མཐོ་རིམ་གྲོས་ཚོགས་སྟེང་གནད་དོན་དེ་དག་ལ་གྲོས་བསྡུར་ཞིབ་ཏུ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག