མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་སྟེ་ནུབ་ཕྱོགས་དམག་ཁུལ་ནས་བྲེལ་མྱུར་སྦྱོང་བརྡར་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་སྟེ་དམག་ཕྱོགས་ཀྱིས་བྲེལ་མྱུར་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། དམག་དཔུང་གི་ནུབ་ཕྱོགས་ས་ཁུལ་གྱི་འཐབ་འཁྲུག་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས26ཉིན་བཤད་རྒྱུར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གི་བཀའ་རྒྱ་ལྟར་དུ། ནུབ་ཕྱོགས་དམག་ཁུལ་གྱི་དམག་དཔུང་གིས་ཚེས26ཉིན་གྱི་ཕྱི་དྲོའི་དུས་ཚོད2ནས་བཟུང་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་དུས་རིམ་གཉིས་སུ་བགོས་ཡོད་པ་དང་། ཟླ3པའི་ཚེས3ཉིན་མཇུག་སྒྲིལ་རྒྱུ་ཡིན། ཨུ་རུ་སིའི་དབུས་ཕྱོགས་ས་ཁུལ་གྱི་དམག་དཔུང་ཡང་བྱ་འགུལ་དེར་ཞུགས་རྒྱུ་ཡིན་ཟེར། ཁོས་དེ་ལས་གཞན་པའི་ནང་དོན་ཞིབ་རྒྱས་འདོན་སྤྲོད་མ་བྱས།

ཁི་ལི་མུའུ་ལིན་ཕོ་བྲང་གིས་གནས་ཚུལ་དེ་བདེན་དཔང་བྱེད་པར་ཁས་ལེན་མ་བྱས་པ་དང་། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་རྣམ་འགྱུར་ཅི་ཡང་བསྟན་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག