མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་གནས་སྐབས་སྲིད་གཞུང་གི་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-26 09:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་གནས་སྐབས་སྲིད་གཞུང་གི་ཙུང་ལི་པེ་པུའུ་ལཱ་ཝེ་ཡིས་ཚེས24ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ནེ་ཀི་ཡིས་ཉིན་དེར་མཉམ་གཅིག་ཏུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཐག་བཅད་པ་ཁྱབ་སྒྲོག་བྱས།

ཨེ་ཅིབ་གནས་སྐབས་སྲིད་གཞུང་གི་ནེ་ཀི་ཡིས་ཚེས24ཉིན་གྱི་སྔ་དྲོར་ཐུན་མོང་གྲོས་ཚོགས་བསྡུས། པེ་པུའུ་ལཱ་ཝེ་ཡིས་གྲོས་ཚོགས་གྲོལ་རྗེས་གཏམ་བཤད་སྤེལ་ཏེ། ནེ་ཀི་ཡིས་གནས་སྐབས་ཀྱི་ཙུང་ཐུང་མན་སུའུ་ཨར་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཡོད་པ་དང་། འདས་པའི་ལོ་ངོ་ཕྱེད་ཙམ་གྱི་དུས་ཚོད་ནང་། ནེ་ཀི་ཡིས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་བྱ་བ་སྣ་ཚོགས་ཁྲོད་གྲུབ་འབྲས་བཟང་བོ་ལོན་པར་བརྩོན་པ་བྱས་ཀྱང་། གནད་དོན་རེ་འགའ་བྱུང་བ་ནི་ལྡོག་ཐབས་མེད་པའི་དོན་ཞིག་རེད། མང་ཚོགས་ཀྱི་རྒྱབ་སྐྱོར་མེད་ན་བྱ་བ་གང་ཡང་བདེ་བླག་ངང་སྤེལ་བར་དཀའ་ཁག་ཆེན་པོ་ཡོད་ཟེར། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག