མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་ནན་ནས་ཟམ་པ་བརྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཚེས24ཉིན་ཡོ་ནན་བྱང་ཕྱོགས་ས་ཁུལ་དུ་ཟམ་པ་བརྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། པུར་སྒམ་ཁུར་བའི་དུར་འཇུག་རུ་ཁག་ཅིག་གི་མི་བདུན་རྐྱེན་ལམ་དུ་ཤོར་ཟེར།

ས་དེའི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། ཚེས་ཉེར་བཞིའི་ཉིན་གྱི་དོན་རྐྱེན་དེའི་ཁྲོད་མི་སོ་བདུན་ལ་རྨས་ཕོག་པ་དང་། དེའི་ནང་མི་ཉེར་གསུམ་གྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར།

དོན་རྐྱེན་དེ་ཡོ་ནན་གྱི་ལེ་ཀྲིག་ཞིང་ཆེན་ནས་བྱུང་བ་དང་། སྐབས་དེར་འདེགས་ཟམ་ཞིག་གི་ཕྱོགས་གཅིག་གི་ལྕགས་ཐག་གློ་བུར་དུ་ཆད་དེ། ཟམ་ཐོག་གི་མི་ཚང་མ་དུས་མཉམ་དུ་སྨིད་ཉི་ཤུ་ཙམ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད། དུར་འཇུག་རུ་ཁག་ཅིག་གིས་ཁུར་བའི་པུར་སྒམ་ཡང་ཟམ་འོག་གི་ཆུ་ཕྲན་ནང་ལྷུང་བ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་ཟམ་པ་དེ་ལས་ནས་ལོ་གཅིག་ཡས་མས་ལས་འགོར་མེད་ལ། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག