མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཨ་མེ་རི་ཁའི་བར་བཟུང་དམག་བརྗེ་སྤོར་བྱེད་པའི་འཆར་གཞི་ཐད་ཀྱི་གྲོས་མོལ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཚེས23ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་བར་བཟུང་དམག་བརྗེ་སྤོར་བྱེད་པའི་འཆར་གཞི་ཐད་ཀྱི་གྲོས་མོལ་མཚམས་འཇོག་རྒྱུ་ཡིན་ཟེར། དེའི་སྔོན་ཐཱ་ལེ་པན་གྱིས་རང་གིས་འཛིན་བཟུང་བྱས་ཡོད་པའི་ཨ་མེ་རི་ཁའི་དམག་མི་པེ་ལེ་ཏཱ་ཨར་དང་ཨ་མེ་རི་ཁས་བཀག་འཇུག་བྱས་པའི་ཐཱ་ལེ་པན་གྱི་མཐོ་རིམ་ཁོངས་མི་ལྔ་བརྗེ་སྤོར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་ལ་སྤེལ་བའི་གསལ་སྒྲོག་ལས། ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་ནང་གི་རྙོག་འཛིང་ཡིན་པའི་ཆབ་སྲིད་གནས་བབ་ལ་བསམ་བློ་བཏང་སྟེ། ཨ་མེ་རི་ཁའི་བར་གྱི་གྲོས་མོལ་མཚམས་འཇོག་རྒྱུ་ཡིན་ཟེར། གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་དཔོན་པོ་ཞིག་གིས་ཀྱང་བསྟན་དོན། གྲོས་མོལ་མཚམས་བཞག་པའི་རྒྱུ་མཚན་ནི་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་མིན་ཟེར།

མུའུ་ཅཱ་ཞི་ཏི་ཡིས་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་གནས་ཚུལ་དང་གྲོས་མོལ་མགོ་རྩོམ་པའི་དུས་ཚོད་སོགས་འགྲེལ་བཤད་ཞིབ་ཏུ་བྱས་མེད་ཀྱང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་སྤེལ་རྒྱུ་ཡིན་པའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་ནི་གྲོས་མོལ་གྱི་རྒྱུན་ཐག་ཆད་པའི་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག