མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་པཱ་ཞི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་དྲ་རྒྱའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་པཱ་ཞིའི་མཐོ་རིམ་གྲོས་ཚོགས་སྐབས་བདུན་པ་ཚེས24ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་དྲ་རྒྱའི་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་པ་དང་། ཞོར་དུ་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་དང་ཉོ་ཚོང་། ཕྱི་འབྲེལ། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་པ་སོགས་ཀྱི་ཐད་ནས་མཉམ་ལས་བཟང་བོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་དྲ་རྒྱས་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད་པས། ང་ཚོས་གཞི་གྲངས་དང་གསང་བའི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པར་འབད་འབུངས་བྱེད་དགོས་ཟེར།

པཱ་ཞི་དང་ཡོ་རོབ་གླིང་གི་མིག་སྔའི་འཕྲིན་གཏོང་ཞབས་ཞུ་དེ་གཙོ་བོ་ཨ་མེ་རི་ཁའི་མཚོ་ཞབས་ཀྱི་གློག་སྐུད་ལ་བརྟེན་ཡོད་པ་དང་། དྲ་རྒྱའི་བདེ་འཇགས་ལ་བསམ་བློ་བཏང་སྟེ་ཕྱོགས་གཉིས་ཀྱིས་ཐད་ཀར་དུ་ལཱ་ཏེན་མེ་གླིང་དང་ཡོ་རོབ་གླིང་གཅིག་ཏུ་སྦྲེལ་བའི་མཚོ་ཞབས་ཀྱི་གློག་སྐུད་འཐེན་པར་གཅིག་གྱུར་འཐད་པ་བྱུང་། མཉམ་འབྲེལ་དྲ་བའི་བཅོས་སྐྱོང་ཐད་ཀྱི་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་བོའི་གྲོས་མོལ་དེ་ཟླ་བཞི་བཅི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་པཱ་ཞིའི་ཧྲིན་པའོ་ལོ་ནས་སྤེལ་རྒྱུ་ཡིན་པ་དང་། པཱ་ཞི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་མོལ་དེའི་སྐབས་དྲ་རྒྱའི་བདེ་འཇགས་ཀྱི་གྲོས་གཞིའི་ཐད་ནས་ཐོག་མར་གྲོས་མོལ་བྱེད་རྒྱུ་ཐག་བཅད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག