མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བུའུ་ཁི་ལན་གྱི་སྲིད་གཞུང་གསར་བས་བཅོས་བསྒྱུར་བྱེད་ཐབས་ལག་བསྟར་བྱེད་པར་ཡོ་སྒོར་ཐེར་ཆེན་གཉིས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གྲོས་ཁང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལུའུ་ཁི་ཡིས་བཤད་རྒྱུར། བུའུ་ཁི་ལན་གྱི་སྲིད་གཞུང་གསར་བ་བཙུགས་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྲིད་གཞུང་གསར་བ་དེས་བཅོས་བསྒྱུར་བྱེད་ཐབས་ལག་བསྟར་བྱེད་པར་ཡོ་སྒོར་ཐེར་ཆེན་གཉིས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

པུའུ་ལུའུ་ཁི་ཡིས་ཚེས23ཉིན་གྱི་དགོང་མོར་བུའུ་ཁི་ལན་གྱི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་གཉིས་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་དེས་བཅོས་བསྒྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་པ་དང་། བཅོས་བསྒྱུར་གང་མགྱོགས་སྒོས་ལག་བསྟར་བྱེད་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། བུའུ་ཁི་ལན་གྱི་སྲིད་གཞུང་གསར་བ་མྱུར་དུ་བཙུགས་ནས་དགོས་ངེས་ཀྱི་བཅོས་བསྒྱུར་བྱེད་པར་རེ་བས་ཁེངས་ཡོད་ཟེར།

པུའུ་ལུའུ་ཁི་ཡིས་བཤད་རྒྱུར། ང་ཚོས་སྲིད་གཞུང་གསར་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མི་ཚང་མས་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་མཁན་མེད་པར་སེམས་ཁུར་བྱེད་མི་དགོས་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་པ་ནི་བུའུ་ཁི་ལན་གྱིས་ཕྱིན་ཆད་ཡོ་རོབ་གླིང་མནའ་འབྲེལ་བར་མཉམ་འབྲེལ་གྲོས་མཐུན་འགོད་པར་དཔལ་འབྱོར་གྱི་ཆ་རྐྱེན་བཟང་བོ་བསྐྲུན་པའི་ཆེད་དུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག