མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གྲོས་མཐུན་འགོད་ཐུབ་པར་རེ་བ་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:14

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས23ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གྲོས་མཐུན་འགོད་ཐུབ་པར་རེ་བ་ཡོད་ལ། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་བར་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཀྲ་ལི་ཧྥུའུ་ཡིས་བསྟན་དོན། གྲོས་མོལ་འཕེལ་རིམ་ཁྲོད་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ། དབྱི་ལིང་གི་གྲོས་མོལ་ཡིད་ཆེས་ཉམས་དམས་རུ་འགྲོ་བར་སྔོན་འགོག་བྱེད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་ཕྱོགས་ཡོངས་ཀྱི་གྲོས་མཐུན་འགོད་པར་ཡར་སྐུལ་བྱེད་དགོས་ཟེར། དབྱི་ལིང་གིས་མུ་མཐུད་དུ་རྒྱལ་ཁབ་དྲུག་བར་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། བཀག་སྡོམ་བྱེད་ཐབས་བེད་སྤྱད་དེ་གནོན་ཤུགས་སྟེར་བའི་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་འཐུས་མི་ཨ་ལཱ་ཀི་ཞེ་ཡིས་ཚེས23ཉིན་བསྟན་དོན། སྐོར་ཐེངས་གསར་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཆེད་མཁས་རིམ་པའི་གྲོས་མོལ་དེ་གཟའ་འཁོར་རྗེས་མར་སྤེལ་ཏེ། ཕྱོགས་ཡོངས་ཀྱི་གྲོས་མཐུན་གྱི་ནང་དོན་ཞིབ་རྒྱས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། གྲོས་གཞི་དེ་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་དང་དབྱི་ལིང་གི་བཀག་སྡོམ་མེད་པར་བཟོ་བ། ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སོགས་ལ་འབྲེལ་ཡོད་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་གྲོས་མོལ་དེ་ཚེས20ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་གྲོལ་བ་དང་། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་རྗེས་ཕྱོགས་གྲོས་མོལ་བྱེད་པའི་དུས་ཚོད་དང་གྲོས་མོལ་གྱི་སྒྲོམ་གཞི་གཏན་འཁེལ་བྱས། སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ3པའི་ཚེས17ཉིན་ནས་ཚེས20ཉིན་བར་ཝེ་ཡེ་ནཱ་ནས་སྤེལ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག