མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་ཉེར་གསུམ་ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཁོ་ཚོས་གཅིག་གྱུར་སྒོས་བལྟས་ན་བུའུ་ཁི་ལན་གྱི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བར་ངེས་པར་དུ་བརྩི་འཇོག་བྱེད་དགོས་པར་འདོད།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་སྤྱི་བསྒྲགས་ལས་བཤད་རྒྱུར། ཨོ་ལིང་ཏི་ཡིས་ནན་གྱིས་བསྟན་དོན། ཉེ་བའི་ཉིན་འགའི་རིང་གི་དྲག་ཤུགས་དོན་རྐྱེན་བྱུང་བ་བརྒྱུད། སྤེལ་བཞིན་པའི་དམངས་གཙོ་བར་བརྒལ་དེ་བུའུ་ཁི་ལན་མི་དམངས་ཀྱི་རེ་འདོད་དང་འཚམ་པོ་ཡོད་ཟེར།

ཨོ་ལིང་ཏི་ཡིས་བསྟན་དོན། བུའུ་ཁི་ལན་གྱི་ཁེ་ཕན་ཆེད་དུ། ཧྥ་རན་སི་ཡིས་བུའུ་ཁིན་ལན་གྱིས་མཉམ་འབྲེལ་གྱི་སྲིད་གཞུང་ཞིག་བཙུགས་ཏེ། མྱུར་མོར་འདེམ་བསྐོ་ལ་རྩ་འཛུགས་བྱེད་དགོས་པར་མ་ཟད། བཅོས་བསྒྱུར་བྱེད་ཐབས་ཤིག་ལག་བསྟར་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ཨོ་ལིང་ཏི་ཡིས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་བུའུ་ཁི་ལན་དང་མཉམ་དུ་དམངས་གཙོའི་བར་བརྒལ་ཡོངས་འགྲུབ་བྱེད་རྩིས་ཡོད་པ་དང་། ཧྥ་རན་སི་ཡིས་བུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རོགས་རམ་འོག་ཆབ་སྲིད་བཅོས་བསྒྱུར་དང་དཔལ་འབྱོར་གྱི་དེང་རབས་ཅན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྩིས་ཡོད་ཟེར། ཧྥ་རན་སི་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་མཉམ་ལས་བཟང་བོ་བྱེད་རྒྱུ་ཡིན་ཟེར།

བུའུ་ཁི་ལན་གྲོས་ཁང་གིས་ཚེས་ཉེར་གསུམ་ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཙུང་ཐུང་གསར་བ་བདམས་ཐོན་བྱུང་ཞིང་། དམ་བཅའ་བཞག་སྟེ་ལས་འགན་མ་ཁུར་གོང་ཙུང་ཐུང་གི་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས། ཉིན་དེར་ད་རུང་བར་བརྒལ་དབང་འཛིན་ལས་ཁུངས་ཀྱིས་ཡཱ་ནོའུ་ཁི་ཝེ་ཆི་སྲིད་དབང་གི་མཐོ་རིམ་དཔོན་པོ་མང་བོར་རྩིས་སྤྲོད་གསལ་བོ་བྱེད་པའི་བྱེད་ཐབས་སྤྱད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག