མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཞི་ནེ་ནས་གྲོལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཞི་ནེ་ནས་གྲོལ། ཐེངས་འདིའི་གྲོས་ཚོགས་ནས་གཙོ་བོ་དེང་སྐབས་ཀྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་དུས་ཡུན་རིང་བོའི་དངུལ་གཏོང་། དཔལ་འབྱོར་འཕར་སྣོན་འཐབ་ཇུས། དངུལ་ལོར་སྡེ་ཁག་གི་བཅོས་བསྒྱུར། རྒྱལ་སྤྱིའི་ཁྲལ་བསྡུའི་མཉམ་ལས་སོགས་གྲོས་གཞི་ལ་གྲོས་བསྡུར་བྱས་པ་དང་། མཉམ་འབྲེལ་སྤྱི་སྒྲོག་སྤེལ།

གྲོས་ཚོགས་ནས་ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་མུ་མཐུད་དུ་བརྟན་འཇགས་ངང་འཕར་སྣོན་བྱུང་བར་གདེང་འཇོག་ཆེན་པོ་བྱས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལེགས་བཅོས་བྱས་ཀྱང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་སྟོབས་དང་ལྡན་ཞིང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱུང་མེད་ལ། ད་རུང་འགྲན་རྩོད་མང་བོར་འཕྲད་ཡོད། ཉེ་སྔོན་རྒྱལ་སྤྱིའི་དངུལ་ལོར་ཚོང་རར་ཟང་ཟིང་ཆེ་བ་དང་། དངུལ་བུན་ཇེ་དམའ་རུ་སོང་མེད་པར་མ་ཟད་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་གནས་ཡོད་ཟེར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་དངོས་གཉེར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ཀྱི་འཕར་སྣོན་འཐབ་ཇུས་བརྩོན་ལེན་བྱེད་པ་དང་། ད་ལོའི་ཟླ་བཅུ་གཅིག་པར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་གྲ་སྒྲིག་གང་ལེགས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག