མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:57

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཉིན་དེར་ནུབ་བྱང་ཕྱོགས་ཀྱི་ཁི་ཧཱ་ཐི་ས་ཁུལ་ནས་ལམ་འགྲམ་གྱི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རླངས་འཁོར་དེའི་ནང་མི་ཉི་ཤུ་ལྷག་ཡོད་པ་དང་། དོན་རྐྱེན་བྱུང་ས་དེ་ཉེན་རྟོག་ཅུའུ་དང་བར་ཐག་སྨིད་ཉིས་བརྒྱ་ཙམ་ལས་མེད། མིག་སྔར་འགས་གཏོར་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་མི་སྣའི་ཐོབ་ཐང་ལ་ངོས་འཛིན་བྱས་མེད་ཟེར།

མིག་སྔར་རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་ལག་བསྟར་བྱས་པ་ཁས་ལེན་བྱས་མེད།

དོན་རྐྱེན་བྱུང་རྗེས་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་གསལ་སྒྲོག་སྤེལ་ཏེ་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག