མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་དབྱིན་ལཱ་ཡིས་དྲག་ཤུགས་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:56

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་དབྱིན་ལཱ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་བྱུང་བའི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཕྱོགས་ཁག་སོ་སོས་དྲག་ཤུགས་མཚམས་བཞག་ནས་ཞི་བའི་ཐབས་ཀྱིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱིན་ལཱ་ཡིས་གསལ་སྒྲོག་ནང་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཏཱ་ལི་ས་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་སའི་ཚོགས་ར་ནས་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་དང་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་མན་ཀུའུ་ཡི་ལཱ་ཁྲ་པཱ་སུང་སྲང་ལམ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་སའི་ཚོགས་ར་ནས་བྱུང་བའི་འགས་གཏོར་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། ཁྱད་པར་དུ་དྲག་ཤུགས་དོན་རྐྱེན་དེ་གཉིས་ལས་བྱིས་པར་ཤི་རྨས་བཟོས་པར་རྒོལ་གཏམ་དྲག་པོ་བཏང་། ཁོ་མོས་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་གཉིས་རྩད་གཅོད་གསལ་བོ་བྱས་ཏེ་གང་མགྱོགས་ཀྱིས་ལག་དམར་འཛིན་བཟུང་བྱེད་དགོས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ལཱ་ཁྲ་པཱ་སུང་སྲང་ལམ་ནས་བྱུང་བའི་འགས་གཏོར་དོན་རྐྱེན་དེ་ལས་ལོ་བཞི་ཅན་གྱི་བྱིས་པ་ཞིག་དང་བཅས་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་བཞི་ལ་རྨས་ཕོག དེའི་ནང་བྱིས་པ་གཉིས་ཀྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར། ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཏཱ་ལི་ས་ཁུལ་ནས་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་ལོ་ལྔ་ཅན་གྱི་བུ་མོ་ཆུང་ཆུང་ཞིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཞེ་གཅིག་ལ་རྨས་ཕོག་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག