མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ས་ཁུལ་ནས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:56

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་པཱ་པུའུ་ཡཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁྲ་ཡཱ་ཕུའུ་ལཱ་ནས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་དྲག་ཆར་བབས་པའི་དབང་གིས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་གར་སོང་མ་རྙེད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་གནོད་སེལ་ལས་ཁུངས་ཀྱི་འགན་ཁུར་བ་སུའུ་ཐའོ་པའོ་ཡིས་ཚེས་ཉེར་གསུམ་ཉིན་གསར་འགོད་པར་བཤད་རྒྱུར། དྲག་ཆར་བབས་པའི་དབང་གིས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཁང་བ་འགའ་ལ་གཏོར་བརླག་ཐེབས་པ་དང་། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། གཞན་ཡང་མི་གཉིས་གར་སོང་རྙེད་མེད། མིག་སྔར་རྒུད་སྐྱོབ་མི་སྣ་དང་ཉེན་རྟོག་ཕྱོགས་ཀྱིས་རྒུད་སྐྱོབ་དང་གཙང་ཕྱགས་བྱ་བ་སྤེལ་བཞིན་ཡོད་ཟེར།

སུའུ་ཐའོ་པའོ་ཡིས་ད་རུང་བཤད་རྒྱུར། ཆར་བ་ཆེན་པོ་བབས་པའི་དབང་གིས་ད་རུང་པཱ་པུའུ་ཡཱ་ཞིང་ཆེན་གྱི་གཙང་བོ་རྒྱས་ནས་ཆུ་རགས་ལས་ཕྱིར་བཞུར་བ་དང་། པཱ་པུའུ་ཡཱ་ཞིང་ཆེན་གྱི་གྲོས་ཁང་ཐོག་ཁང་ཆེན་མོ་དང་སྲང་ལམ་གཙོ་བོ་དག་པུས་མོའི་མཚམས་ལ་བསླེབ་པའི་ཆུས་བསྣུབས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག