མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་དྲག་ཆས་འཇིགས་སྐུལ་ཉེས་ཅན་སོ་བརྒྱད་བསད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དམག་ཕྱོགས་ཀྱིས་ཉིན་དེར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་པའོ་ཨར་ཐི་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། བསྡོམས་པས་དྲག་ཆས་འཇིགས་སྐུལ་ཉེས་ཅན་སོ་བརྒྱད་རྩ་མེད་དུ་བཏང་ཟེར།

དམག་ཕྱོགས་ཀྱིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་ཉིན་དེར་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་རྒྱལ་མཚམས་སུ་ཉེ་བའི་པའོ་ཨར་ཐི་ས་ཁུལ་གྱི་ཏིས་ལཱ་ཧི་གྲོག་རོང་ནས་བར་སྣང་འཇབ་རྒོལ་ཐེངས་འགའ་སྤེལ་ཏེ། བསྡོམས་པས་དྲག་ཆས་ཚོགས་ཁག་གི་སྦས་སྐོང་བྱེད་ས་དྲུག་རྩ་མེད་དུ་བཏང་བ་དང་། དྲག་ཆས་འཇིགས་སྐུལ་ཉེས་ཅན་སོ་བརྒྱད་བསད་ཟེར།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། བར་སྣང་གི་འཇབ་རྒོལ་འགུལ་སྐྱོད་དེ་ལས་ད་རུང་འགད་རྫས་བཟོ་གྲྭ་ཞིག་གཏོར་བ་དང་། དེའི་ནང་གི་འགད་རྫས་ལ་འགས་གཏོར་བྱུང་ནས་ཤུལ་མེད་དུ་གྱུར་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག