མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོའི་གྲོས་ཚོགས་ཞི་ནེ་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོའི་གྲོས་ཚོགས་དེ་ཚེས22ཉིན་ཞི་ནེ་ནས་དངོས་སུ་བསྡུས་པ་དང་། ཉིན་དང་པོའི་གསང་བའི་གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ནས་གྲོས་བསྡུར་བྱས།

ཨོ་སི་ཁྲུ་ལི་ཡཱའི་རྒྱལ་མཛོད་པུའུ་ཡི་དཔོན་པོ་ཧའོ་ཅི་ཡིས་ཉིན་དེའི་སྔ་དྲོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཐེངས་འདིའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་ཚོགས་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཁྱབ་རྒྱ་ཆེ་བའི་མཉམ་ལས་ལའང་ཧུར་ཐག་འབད་ཐག་བྱས་ན་གཟའ་འཁོར་འདིའི་གཟའ་མཇུག་གི་གྲོས་ཚོགས་སྟེང་གྲུབ་འབྲས་བཟང་བོ་ཐོབ་སྲིད་ཟེར།

ཧའོ་ཅི་ཡིས་བསྟན་དོན། འཕར་སྣོན་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔར་བཞིན་བྱ་བ་མང་བོ་བསྒྲུབ་དགོས་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བོས་ཁས་ལེན་དམ་བཅའ་གང་མང་བཞག་པར་ཀུན་གྱིས་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཧའོ་ཅི་ཡིས་འཕར་སྣོན་འཐབ་ཇུས་དེ་ཐེངས་འདིའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་གཞི་གཙོ་བོར་བྱས་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་པར་སྤྱད་ཆོག་པའི་འཆར་གཞི་གྲ་སྒྲིག་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། གྲོས་ཚོགས་མ་གྲོལ་གོང་ངོ་བོ་རང་བཞིན་ལྡན་པའི་གྲོས་མཐུན་འགོད་ཐུབ་པར་རེ་བས་ཁེངས་ཡོད་པའི་ཚུལ་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། ཧའོ་ཅི་ཡིས་ཚེས23ཉིན་གྱི་ཕྱི་དྲོར་ཐེངས་འདིའི་གྲོས་ཚོགས་ཀྱི་མཇུག་མཐའི་སྤྱི་བསྒྲགས་སྤེལ་རྒྱུ་རེད།

ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོའི་གྲོས་ཚོགས་དེ་ཚེས23ཉིན་ཞི་ནེ་ནས་གྲོལ། ཉིན་གཉིས་པའི་གསང་བའི་གྲོས་ཚོགས་སྟེང་དཔལ་འབྱོར་འཕར་སྣོན་གྱི་འགྲན་རྩོད་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་བཅོས་བསྒྱུར། དངུལ་ལོར་གྱི་ལྟ་རྟོག་དོ་དམ། ཁྲལ་བསྡུའི་ལམ་ལུགས་བཅས་གྲོས་གཞི་བཞི་ལ་གྲོས་བསྡུར་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག