མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་ངོ་རྒོལ་ཏང་གི་མགོ་ཁྲིད་པ་གྲོས་དཔོན་དུ་བདམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 10:45

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱི་ངོ་རྒོལ་ཏང་མེས་རྒྱལ་ཏང་གི་མགོ་ཁྲིད་པ་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཚེས22ཉིན་གྲོས་ཁང་གི་གྲོས་ཚོགས་སྟེང་གྲོས་དཔོན་གསར་བར་བདམས་པ་དང་། ཁོས་ཉིན་དེར་བདེ་ཐང་གི་དབང་གིས་ལས་ཁུར་དགོངས་ཞུ་བྱས་པའི་ལོས་པཱ་ཁི་ཡི་ཚབ་ཏུ་གྲོས་དཔོན་གྱི་འགན་ཁུར་རྒྱུ་རེད།

ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ད་ལྟ་མེས་རྒྱལ་ཏང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་། བུའུ་ཁི་ལན་གྲོས་ཁང་མེས་རྒྱལ་ཏང་གི་ཚོགས་པའི་ཀྲུའུ་ཞིའི་འགན་ཁུར་ཡོད། ཉིས་སྟོང་བདུན་ལོ་ནས་ཉིས་སྟོང་བཅུ་ལོའི་བར་བུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོའི་འགན་ཁུར་མྱོང་བ་དང་། སྐབས་དེའི་ཙུང་ལི་ནི་ཅི་མའོ་ཧྲི་ཁི་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། བསྡོམས་པས་གྲོས་མི326ཉིན་དེའི་གྲོས་ཚོགས་ལ་ཞུགས་པ་དང་། དེའི་ནང་མི288འཐད་པ་བྱུང་ཡོད་ཟེར།

བུའུ་ཁི་ལན་གྱི་གྲོས་དཔོན་གཞོན་པ་ཁི་ཧྲུའུ་ལིན་སི་ཅི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། གྲོས་དཔོན་ལོས་པཱ་ཁི་ཡིས་རང་ལུས་ཀྱི་བདེ་ཐང་དབང་གིས་ལས་ཁུར་དགོངས་ཞུ་བྱས་ཟེར། དེ་ལས་གཞན་བུའུ་ཁི་ལན་གྱི་གྲོས་དཔོན་གཞོན་པ་དང་པོ་ཁཱ་ལེ་ཐི་ནེ་ཁི་ཡིས་ཀྱང་ལས་ཁུར་དགོངས་ཞུ་བྱེད་པའི་གསལ་སྒྲོག་སྤེལ་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག