མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅི་མའོ་ཧྲིན་ཁི་ཡིས་ཅི་ཧྥུའུ་ནས་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ལས་འགན་ཡོངས་འགྲུབ་བྱེད་རག་བར་དུ་མུ་མཐུད་ནས་ངོ་རྒོལ་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཙོན་གྲོལ་བཏང་མ་ཐག་པའི་བུའུ་ཁི་ལན་སྔོན་ཆད་ཀྱི་ཙུང་ལི་ཅི་མའོ་ཧྲིན་ཁི་ལ་རྒྱལ་ཁབ་དེའི་རྒྱལ་ས་ཅི་ཧྥུའུ་ཡི་རང་བཙན་ཐང་ཆེན་ནས་རྒྱབ་སྐྱོར་མཁན་གྱི་དགའ་བསུ་ཐོབ་པ་དང་། ཁོ་མོས་གཏམ་བཤད་སྤེལ་སྐབས་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ལས་འགན་ཡོངས་འགྲུབ་བྱེད་རག་བར་དུ་ངོ་རྒོལ་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཅི་མའོ་ཧྲིན་ཁི་ཡི་རྒྱབ་གཞུང་ལ་རྨས་ཕོག་པའི་དབང་གིས་འཁོར་སྟེགས་སུ་བསྡད་དེ། ཅི་ཧྥུའུ་གྲོང་ཁྱེར་ལྟེ་གནས་ཀྱི་རང་བཙན་ཐང་ཆེན་ནས་རྒྱབ་སྐྱོར་མཁན་སྟོང་ཕྲག་འགའ་ལ་གཏམ་བཤད་སྤེལ།

ཅི་མའོ་ཧྲིན་ཁི་ཡིས་ཁྱོད་ཚོ་ནི་དཔའ་བོ་ཡིན་པ་དང་། བུའུ་ཁི་ལན་གྱི་ཆེས་འགྲན་ཟླ་བྲལ་བའི་དཔའ་བོ་ཡིན་ཞེས་བཤད་རྗེས་མིག་ཆུ་དབང་མེད་དུ་ཤོར་སོང་། ཅི་མའོ་ཧྲིན་ཁི་ཡིས་ད་རུང་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ལས་འགན་ཡོངས་འགྲུབ་བྱས་ཡོད་པར་རློམ་མི་རུང་ཟེར།

ཁོ་མོས་བཤད་རྒྱུར། ཁྱོད་ཚོས་ལས་འགན་ཡོངས་འགྲུབ་བྱེད་རག་བར་དུ་མི་སུ་ཡང་འབྲལ་བའི་དབང་ཆ་མེད་ཟེར།

བུའུ་ཁི་ལན་གྲོས་ཁང་གིས་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་འདེམ་ཤོག་འཕང་སྟེ་ཅི་མའོ་ཧྲིན་ཁི་བཙོན་གྲོལ་གཏོང་དགོས་པའི་རེ་བ་བཏོན་རྗེས་ད་གཟོད་ཁོ་མོ་བཙོན་གྲོལ་བཏང་བ་རེད།

ཅི་མའོ་ཧྲིན་ཁི་ནི་ཉིས་སྟོང་བཅུ་གཅིག་ལོར་བུའུ་ཁི་ལན་གྱི་ད་ལྟའི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་འགན་དབང་གང་འདོད་དུ་བེད་སྤྱོད་བྱས་པའི་ཉེས་མིང་གིས་ལོ་བདུན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཅི་མའོ་ཧྲིན་ཁི་བཙོན་སྲུང་ཉེན་རྟོག་པས་ཉིན་མཚན་དབྱེར་མེད་དུ་སྲུང་བའི་བུའུ་ཁི་ལན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཧཱ་ཨར་ཁི་ཧྥུའུ་ཡི་སྨན་ཁང་ཞིག་དང་བྲལ་ནས་ཅི་ཧྥུའུ་རུ་འབྱོར་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག