མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མེ་གླིང་དབུས་མའི་གཞི་གཅིག་ཅན་ཁོངས་གཏོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཏོ་སྨི་ནི་ཁཱ་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་གླིང་དབུས་མའི་གཞི་གཅིག་ཅན་ཁོངས་གཏོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས21ཉིན་ཏོ་སྨི་ནི་ཁཱའི་རྒྱལ་ས་ཧྲིན་ཏའོ་མེན་ཀི་ནས་བསྡུས་པ་དང་། གྲོས་ཚོགས་ནས་ཏོ་སྨི་ནི་ཁཱ་སྲིད་གཞུང་གིས་བཏོན་པའི་ས་ཁུལ་གཞི་གཅིག་ཅན་གྱི་འཐབ་ཇུས་བྱེད་ཕྱོགས་ལ་གཅིག་གྱུར་གྲོས་འཆམ་བྱུང་།

ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་གཙོ་བོ་ནམ་ཟླའི་འགྱུར་ལྡོག་དང་། གནོད་སེལ་རྒུད་སྐྱོབ། སྡོད་ཁུལ་སྤྱི་ཚོགས། དཔལ་འབྱོར་གཞི་གཅིག་ཅན། དམངས་གཙོ་དང་སྒྲིག་གཞིའི་འཛུགས་སྐྲུན། མེ་གླིང་དབུས་མའི་གཞི་གཅིག་ཅན་ཁོངས་གཏོགས་ཀྱི་དམངས་གཙོ་དང་བདེ་འཇགས་དྲུང་ཡིག་ཁྲུའུ་གསར་འཛུགས་བྱེད་པ་སོགས་ལ་གྲོས་བསྡུར་བྱས།

ཏོ་སྨི་ནི་ཁཱའི་ཕྱི་འབྲེལ་བློན་ཆེན་ཐི་ལུང་ཁི་སོ་ཡིས་བཤད་རྒྱུར། ཏོ་སྨི་ནི་ཁཱ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་མེ་གླིང་དབུས་མ་དང་ཅཱ་ལེ་པུས་ས་ཁུལ་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པ་དང་། དངུལ་གསོག་དང་ཁྲལ་བསྡུ། འགན་ལེན་བཅས་ཀྱི་ཐད་ནས་ས་ཁུལ་རང་གི་ཞིང་ལས་དང་ཉ་གསོ་ལས་རིགས། གནས་སྐོར་ལས་རིགས་བཅས་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག