མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་ཨོ་པཱ་མཱ་གཉིས་ཀྱིས་ཁ་པར་བརྒྱུད་དེ་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་དྲ་རྒྱས་ཚེས22ཉིན་གྱི་ཞོགས་པར་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨ་མེ་རི་ཁས་རེ་བ་བཏོན་པ་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་གཉིས་ཀྱིས་ཁ་པར་བརྒྱུད་དེ་བུའུ་ཁི་ལན་གྱི་དེང་སྐབས་གནས་བབ་ལ་གྲོས་བསྡུར་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་དང་ཨོ་པཱ་མཱ་གཉིས་ཀྱིས་ཕྱོགས་གཉིས་དང་བུའུ་ཁི་ལན་གྱི་གནས་བབ་སོགས་རྒྱལ་སྤྱིའི་ལས་དོན་གྲོས་རིམ་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་ཞིབ་ཏུ་བྱས། ཕུའུ་ཅིན་གྱིས་བསྟན་དོན། ངེས་པར་དུ་བྲེལ་མྱུར་བྱེད་ཐབས་སྤྱད་དེ་བུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་ཟེར། ཕུའུ་ཅིན་གྱིས་ཐལ་སྤྱོད་ངོ་རྒོལ་ཕྱོགས་ཁག་ལ་སློབ་གསོ་གཏོང་བའི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས། ཁོས་བཤད་རྒྱུར། ཐལ་སྤྱོད་ངོ་རྒོལ་ཕྱོགས་ཁག་གིས་བུའུ་ཁི་ལན་གྱི་དགྲ་རུ་ལངས་པའི་གནས་བབ་དེ་ཆེས་ཉེན་ཁའི་གནས་སུ་ཁྲིད་ངེས་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་དང་ཨོ་པཱ་མཱ་གཉིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་ཕན་ཚུན་རོགས་ལས་བྱས་པ་དང་། ཁོ་གཉིས་ཀྱིས་མུ་མཐུད་དུ་གནད་དོན་དེའི་ཐད་ནས་མཉམ་ལས་ཟབ་མོ་བྱེད་རྒྱུ་ཁས་ལེན་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་གྲོས་མཐུན་གྱི་ལག་བསྟར་འཕེལ་རིམ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རི་ནེ་ཝའི་གྲོས་མོལ་ལ་བསམ་བློ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་མཉམ་ལས་ཟབ་མོ་བྱས་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཡར་སྐུལ་བྱེད་རྒྱུ་རེད་ཟེར།

ཨོ་པཱ་མཱ་ཡིས་ད་རུང་ཕུའུ་ཅིན་ལ་ཨུ་རུ་སི་རྒྱལ་ཁབ་ཀྱིས་སོ་ཆི་དགུན་ཁའི་ཨོ་རྩལ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས།

སྤྱི་སྒྲོག་དེ་ལས་ཕུའུ་ཅིན་དང་ཨོ་པཱ་མཱ་གཉིས་ཀྱིས་ཁ་པར་གླེང་མོལ་བྱས་པའི་དུས་ཚོད་ནམ་ཡིན་གསལ་བོར་བཀོད་མེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག