མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བུའུ་ཁི་ལན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གཉིས་གནས་སྐབས་ཀྱི་གྲོས་མཐུན་འགོད་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་འཁྲུག་རྩོད་ཁྲོད་མཚོན་ཆ་བེད་སྤྱོད་བྱས་པར་ཧ་ལས་པའི་ཚུལ་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་པོས་ཚེས21ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚོད་དཔག་བྱས་ན་བུའུ་ཁི་ལན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཚེས་ཉེར་གཅིག་ཉིན་གནས་སྐབས་ཀྱི་གྲོས་མཐུན་འགོད་སྲིད་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་དེ་རང་བཙན་བྱས་རྗེས་ཀྱི་ཆེས་ཚབས་ཆེ་བའི་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་བའི་ཆེད་དུ་རེད་ཟེར།

ཕྱི་འབྲེལ་དཔོན་པོ་དེས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚོད་དཔག་བྱས་ན་ཕྱོགས་ཁག་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་གནས་སྐབས་ཀྱི་གྲོས་མཐུན་འགོད་སྲིད་པ་དང་། གྲོས་མཐུན་དེའི་ནང་རྩ་ཁྲིམས་ཀྱི་ནང་དོན་རེ་འགའ་བཟོ་བཅོས་བྱེད་པ་དང་སྔ་སྣུར་གྱིས་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་སོགས་འདུས་ཡོད། ཡིན་ན་ཡང་བྱེ་བྲག་གི་དུས་ཚོད་གཏན་འཁེལ་བྱས་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། བུའུ་ཁི་ལན་དཔོན་ཕྱོགས་ཀྱིས་ངོ་རྒོལ་ཕྱོགས་ཁག་དང་མཉམ་དུ་རྒྱལ་ནང་གི་འཁྲུག་རྩོད་མཚམས་འཇོག་པའི་འགྲིག་མཐུན་གྲོས་མཐུན་འགོད་རྒྱུའི་ཚུལ་བསྟན་ཡོད་ཟེར་ཡང་། དེའི་རྗེས་སུ་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་བསྟན་དོན། བུའུ་ཁི་ལན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མཐུན་དེར་མཇུག་མཐའི་གཏན་འཁེལ་བྱས་མེད་ཟེར། དེ་ལས་གཞན་ཕོ་ལན་གྱི་དཔོན་རིགས་ཀྱིས་བསྟན་དོན། གྲོས་མཐུན་དེ་དང་འབྲེལ་བའི་གྲོས་མོལ་ཚེས་ཉེར་གཅིག་ཉིན་གྱི་ཉིན་གུང་ཡང་བསྐྱར་སྤེལ་བ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག