མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་ཙུང་ཐུང་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་ཚེས21ཉིན་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པའི་བར་གྲོས་མཐུན་བཀོད་དེ། དུས་ཡུན་ཟླ་གསུམ་འགོར་བའི་བུའུ་ཁི་ལན་གྱི་ཆབ་སྲིད་ཉམས་ཉེན་མཇུག་སྒྲིལ་བ་དང་དྲག་ཤུགས་འཁྲུག་རྩོད་མཚམས་བཞག བུའུ་ཁི་ལན་གྱི་གྲོས་ཁང་གིས་ཚེས་ཉེར་གཅིག་ཉིན་འདེམ་ཤོག་འཕང་སྟེ2004ལོའི་རྩ་ཁྲིམས་སླར་གསོ་བྱེད་པར་ཡིད་འཐད་བྱུང་། དེ་ལས་གྲོས་ཁང་དང་སྲིད་གཞུང་གི་དབང་ཤུགས་ཆེར་བསྐྱེད་པ་དང་། ཙུང་ཐུང་གི་དབང་ཤུགས་ཇེ་ཆུང་དུ་གཏོང་རྒྱུ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་མཐུན་དེ་ཕལ་ཆེར་ངོ་རྒོལ་ཕྱོགས་ཁག་གི་རེ་བ་ལྟར་རྩོམ་འབྲི་བྱས་པ་རེད་ཟེར།

གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས18ཉིན་གྱི་ཚུན་ལ། མི77འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི575ལ་རྨས་ཕོག་ཟེར།

ཡཱ་ནོའུ་ཁི་ཝེ་ཆི་དང་། མེས་རྒྱལ་ཏང་དང་ཆམ་ཕབ་ཏང་། རང་དབང་ཏང་བཅས་ངོ་རྒོལ་ཏང་ཁག་གཙོ་བོ་གསུམ་གྱི་མགོ་ཁྲིད་པས་ཚེས21ཉིན་རྒྱལ་ས་ཅི་ཧྥུའུ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་བུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བར་དམིགས་པའི་གྲོས་མཐུན་དེ་བཀོད་པ་རེད། ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གཉིས་ཀྱིས་གྲོས་མཐུན་དེ་བཀོད་པར་དངོས་སུ་བདེན་དཔང་བྱས།

དེ་ལས་གཞན། བུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་ཚེས21ཉིན་གྲོས་ཆོད་ཅིག་བཀོད་དེ། བུའུ་ཁི་ལན་གྱི་བདེ་འཇགས་ཅུའུ་དང་འཇིགས་སྐུལ་ལ་ངོ་རྒོལ་ལྟེ་གནས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བར་གཏན་འགོག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག