མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་མཱ་ལིའི་ན་གཞོན་ཏང་གིས་ཙུང་ཐུང་བཞུགས་ཤག་ལ་འཇབ་རྒོལ་བྱས་པར་ཁས་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཙུང་ཐུང་བཞུགས་ཤག་ལ་ཚེས21ཉིན་རླངས་འཁོར་འགས་གཏོར་དང་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། རྒྱལ་ཁབ་དེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ན་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་ལ་འགན་ཁུར་རྒྱུ་ཁས་ལེན་བྱས།

ན་གཞོན་ཏང་གིས་རྩ་འཛུགས་རང་གི་ཐོལ་རྒོལ་རུ་མིས་ཙུང་ཐུང་བཞུགས་ཤག་ལ་རང་སྲོག་གཅོད་པའི་འཇབ་རྒོལ་བྱས་པ་ཡིན་ཟེར།

ན་གཞོན་ཏང་གི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་སཱ་པུའུ་ཡིས་བཤད་རྒྱུར། ཏང་ཁག་དེའི་ཐོལ་རྒོལ་རུ་མིས་ཙུང་ཐུང་བཞུགས་ཤག་ལ་འཇབ་རྒོལ་བྱས་པ་དང་། དེའི་དམིགས་ཡུལ་ནི་དེའི་ནང་གི་མི་གསོད་པའམ་འཛིན་བཟུང་བྱེད་པའི་ཆེད་དུ་ཡིན་ཟེར།

ཁོས་བཤད་རྒྱུར། ཏང་དེའི་དྲག་ཆས་ཉེས་ཅན་གྱིས་སྔར་བཞིན་ཙུང་ཐུང་བཞུགས་ཤག་གི་ཁག་ཅིག་བཙན་བཟུང་བྱས་པ་དང་། འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ཐོལ་རྒོལ་རུ་མིས་ཙུང་ཐུང་བཞུགས་ཤག་ཡོངས་འཕྲོག་ལེན་བྱེད་འདོད་ཡོད་ཟེར།

སོ་མཱ་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ནེ་ཁི་ཅི་ཡིས་བཤད་རྒྱུར། ཙུང་ཐུང་མཱ་ཧཱ་མའོ་ཏི་ཡིས་ཁོ་ལ་ཁ་པར་བཏང་སྟེ་རང་ཉིད་ལ་རྨས་སྐྱོན་ཕོག་མེད་པ་དང་། འཇབ་རྒོལ་དེར་ཕམ་ཉེས་བྱུང་ཡོད་པའི་གནས་ཚུལ་བཤད་པ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག