མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་རྒྱལ་སྲུང་སྒྲིག་ཆས་དང་ལག་རྩལ་མཉམ་ལས་ཀྱི་གྲོས་མཐུན་བཀོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉི་ཤུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། འཇར་པན་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་ལས་དོན་གྱི་འགན་ཁུར་བའི་མཐོ་རིམ་དཔོན་པོས་གྲོས་མཐུན་བཀོད་དེ། མཚོ་ཐོག་གི་བདེ་འཇགས་དང་རྒུད་སྐྱོབ་ནུས་པར་ཤུགས་སྣོན་པའི་རྒྱལ་སྲུང་སྒྲིག་ཆས་དང་ལག་རྩལ་ཐད་ནས་མཉམ་ལས་བྱེད་པར་འཐད་པ་བྱུང་ཟེར།

འཇར་པན་གྱིས་དུས་ཡུན་རིང་བོར་དམག་ཆས་ཕྱིར་གཏོང་བྱེད་པར་གཏན་འགོག་བྱས་ཡོད་ཀྱང་། འཇར་པན་གྱིས་ཚོད་ལྟའི་ཚུལ་དུ་དམག་ཆས་ཕྱིར་གཏོང་བྱེད་འདོད་པའི་འདུན་པ་སྔར་ལས་ཇེ་དྲག་ཏུ་འགྲོ་བཞིན་པ་བདེན་དཔང་གསལ་བོ་བྱེད་ཐུབ། འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་གསལ་སྒྲོག་ཅིག་ལས་བསྟན་དོན། ཆོད་མཐུན་དེར་འབྲེལ་བ་ནི་སྲོལ་རྒྱུན་མིན་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་དང་ལག་རྩལ་མཉམ་ལས་ཙམ་མ་ཡིན་པར། མཚོ་ཐོག་གི་མ་ལག་རྨང་གཞིར་བྱས་པའི་མཉམ་ལས་ཀྱི་ནང་དོན་ལ་སྔར་ལས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེའི་དམིགས་ཡུལ་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་གནོད་སྐྱོབ་འདོན་སྤྲོད་བྱེད་པའི་ནུས་པར་ཡར་སྐུལ་བྱེད་པའི་ཆེད་དུ་རེད།

འཇར་པན་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་མཐུན་ནི་འཇར་པན་དང་དེའི་འཐབ་ཇུས་མཉམ་ལས་གྲོགས་པོས་བཀོད་པའི་གྲོས་མཐུན་རབ་དང་རིམ་པའི་གྲས་ཀྱི་ནང་དོན་གསར་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་མཉམ་ལས་འཚོལ་ཞིབ་བྱེད་པའི་ཆེད་དུ་རེད། དེའི་སྔོན་འཇར་པན་གྱིས་དབྱིན་ཇི་དང་། ཨོ་སི་ཁྲུ་ལི་ཡཱ། ཧྥ་རན་སི་སོགས་རྒྱལ་ཁབ་གཞན་པའི་བར་རིགས་དེ་མཚུངས་ཀྱི་གྲོས་མཐུན་བཀོད་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག