མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་ཙུང་ཐུང་གིས་སྔ་མོ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ་ངོ་རྒོལ་ཕྱོགས་ཁག་བར་གྱི་དགྲར་འཛིན་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:29

乌克兰总统称愿提早大选解决与反对派对立局面 1.jpg

ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན། བུའུ་ཁི་ལན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་ཡང་བསྐྱར་འཁྲུག་རྩོད་བྱུང་།

乌克兰总统称愿提早大选解决与反对派对立局面 2.jpg

ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན། བུའུ་ཁི་ལན་ནུབ་ཕྱོགས་ཀྱི་ཅེ་ཨར་ནོའུ་པའོ་ཨར་གྲོང་ཁྱེར་གྱི་གཞུང་གཏུག་ལས་ཁུངས་ཞིག་གི་གཞུང་སྒྲུབ་ཐོག་ཁང་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་འཇབ་རྒོལ་ཐེབས་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཡིག་ཆ་མང་བོ་མེར་བསྲེག་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས་ཉི་ཤུའི་ཉིན་བསྟན་དོན། བུའུ་ཁི་ལན་གྱི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆེད་མངག་ཕོ་ཉ་ལ་བསྟན་དོན། ཁོས་སྔ་མོ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ་ངོ་རྒོལ་ཕྱོགས་ཁག་བར་གྱི་ཛ་དྲག་གི་དགྲར་འཛིན་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་ཟེར།

    བུའུ་ཁི་ལན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར།

    ཐུའུ་སི་ཁི་ཡིས་རྒྱལ་ས་ཧྭ་ཧྲ་ནས་གསར་འགོད་པར་བཤད་རྒྱུར། ཕྱི་འབྲེལ་བློན་ཆེན་གསུམ་གྱིས་ཅི་ཧྥུའུ་ནས་ཆེད་དམིགས་ཀྱི་ཡིག་ཆ་ཞིག་ལ་གྲོས་བསྡུར་བྱས་པ་དང་། གྲོས་མཐུན་བཀོད་དེ་དྲག་ཤུགས་འཁྲུག་རྩོད་མཚམས་འཇོག་པའི་གོ་སྐབས་ལ་རེ་བ་བྱེད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་ལོར་རྒྱལ་ཚོགས་དང་ཙུང་ཐུང་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བར་འཐད་པ་བྱུང་།

    ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁི་སི་ཅི་ནི་ཡཱ་ནོའུ་ཁི་ཝེ་ཆི་དང་གྲོས་མོལ་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་ཞིག་ཡིན་པ་དང་། ཁོ་དང་མཉམ་དུ་འགྲོ་མཁན་ལ་ཧྥ་རན་སི་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཡོད་པ་རེད།

    ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་བསྟན་དོན། བུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་གྲོས་གཞིར་མཇུག་མཐའི་ཁས་ལེན་ཐོབ་མེད་ཀྱང་། ཁོས་འཇར་མན་དང་ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་གཉིས་དང་མཉམ་དུ་ཡང་བསྐྱར་ཡཱ་ནོའུ་ཁི་ཝེ་ཆི་ལ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག