མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་འགྲིག་མཐུན་བྱེད་པར་ཁྱབ་སྒྲོག་བྱས་ཀྱང་དྲག་སྐྱོད་ཉེས་ཅན་གྱིས་འཁྲུག་རྩོད་མཚམས་འཇོག་པར་ཁས་ལེན་མ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉི་ཤུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། བུའུ་ཁི་ལན་གྱི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་ཡཱ་ཚེ་ཉིག་ཁི་དང་ཁི་ལི་ཆིན་ཁི། ཅཱ་ཀི་ནེ་པའོ་ཁི་བཅས་དང་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་མཇུག་འབྲས་ལྟར་དུ། ཕྱོགས་གཉིས་ཀྱིས་འགྲིག་མཐུན་བྱས་ཏེ་བརྟན་འཇགས་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུ་ཁྱབ་སྒྲོག་བྱས། གྲོས་མོལ་ལ་ཞུགས་པའི་དྲག་སྐྱོད་མི་རིགས་རིང་ལུགས་རྩ་འཛུགས་ཀྱི་མགོ་ཁྲིད་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་མི་སྲིད་པའི་ཚུལ་བསྟན།

བུའུ་ཁི་ལན་གྱི་ཙུང་ཐུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་བྱས་རྗེས་སྤེལ་བའི་སྤྱི་སྒྲོག་ལྟར་ན། གྲོས་མོལ་གྱི་མཇུག་འབྲས་ལྟར་དུ་ཕྱོགས་གཉིས་ཀྱིས་ཕྱོགས་གཅིག་ནས་འགྲིག་མཐུན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ནང་་གི་ཞི་བདེའི་ཆེད་དུ་གྲོས་མོལ་བྱས་ཏེ། ཁྲག་བཞུར་དོན་རྐྱེན་མཚམས་འཇོག་པ་དང་རྒྱལ་ནང་གི་གནས་བབ་བརྟན་འཇགས་སུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། བུའུ་ཁི་ལན་གྱི་ངོ་རྒོལ་ཏང་གི་མགོ་ཁྲིད་པ་ཁི་ལི་ཆིན་ཁི་ཡིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ང་ཚོར་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡི་རང་བཙན་ཐང་ཆེན་ལ་འཇབ་རྒོལ་མི་བྱེད་པའི་ཁས་ལེན་ཐོབ་ཡོད་ཟེར།

ཡིན་ན་ཡང་ཐེངས་འདིའི་གྲོས་མོལ་ལ་ཞུགས་པའི་དྲག་སྐྱོད་མི་རིགས་རིང་ལུགས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཡཱ་ལོ་ཧྲི་ཡིས་བཤད་རྒྱུར། ཁོས་གྲོས་མཐུན་གང་ཡང་འགོད་མི་སྲིད་པ་དང་། བུའུ་ཁི་ལན་གྱི་ཙུང་ཐུང་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག