མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཧྲི་ཏོན་གྱིས་ཧན་གོར་འཚམས་འདྲི་བྱས་ཏེ་ཉམས་ཉེན་དོ་དམ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཚེས་ཉེར་བཞིའི་ཉིན་ནས་བཟུང་ཧན་གོར་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཁོ་མོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་རྗེས་ཐོག་དང་པོར་ཧན་གོར་འཚམས་འདྲི་བྱས་པ་རེད།

ཧན་གོར་འཚམས་འདྲི་བྱེད་སྐབས། ཨ་ཧྲི་ཏོན་གྱིས་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཡུན་པེན་ཧྲི་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་ཧན་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉམས་ཉེན་དོ་དམ་གྱི་མཉམ་ལས་ལ་ཤུགས་སྣོན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉམས་ཉེན་དོ་དམ་འགུལ་སྐྱོད་ནང་ཞུགས་པའི་སྒྲོམ་གཞིའི་གྲོས་ཆོད་འགོད་རྒྱུ་རེད།

མིག་སྔའི་བར་དུ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་། ཁཱ་ནཱ་ཏཱ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙི་ལན་སོགས་རྒྱལ་ཁབ་བཅུ་གསུམ་བར་གྲོས་ཆོད་དེ་བཀོད་ཡོད། གྲོས་ཆོད་བཀོད་པའི་རྒྱལ་ཁབ་དག་རང་བྱུང་གནོད་འཚེ་ཐག་གཅོད་པ་དང་། མཚོ་ཇག་ལ་ཆམ་ཕབ་གཏོང་བ། རྩོད་གཞིར་གྱུར་བའི་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་སོགས་ཉམས་ཉེན་དོ་དམ་གྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་ཆོག་པ་རེད།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཧན་གོ་ནི་གྲོས་ཆོད་དེ་བཀོད་པའི་ཨེ་ཤ་ཡཱའི་རྒྱལ་ཁབ་དང་པོ་ཡིན་པ་དང་། ཉམས་ཉེན་དོ་དམ་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ཨ་ཧྲི་ཏོན་གྱིས་ཉིས་སྟོང་དགུ་ལོའི་ཟླ་དང་པོ་དང་ཟླ་ལྔ་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་ཆེད་དོན་པའི་ཐོབ་ཐང་བཟུང་ནས་ཧན་གོར་འཚམས་འདྲི་བྱས་མྱོང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག