མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁམ་པུ་ཀྲེའི་ཏང་ཤོག་གཉིས་ཀྱིས་ཐུན་མོང་ཐོག་འདེམས་བསྐོའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-20 19:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁམ་པུ་ཀྲེའི་སྲིད་འཛིན་ཏང་སྟེ། མི་དམངས་ཏང་དང་། ངོ་རྒོལ་ཤོག་ཁང་གི་ཏང་སྟེ། རྒྱལ་སྐྱོབ་ཏང་གི་ལས་དོན་ཚོ་ཆུང་གིས་སྤྱི་ཚེས་18ཉིན་རྒྱལ་ས་ཕ་ནམ་ཕན་དུ་གྲོས་མོལ་བྱས་ཏེ། འདེམས་བསྐོ་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐད་གྲོས་འཆམ་བྱུང་ཡོད་པ་མ་ཟད། ཐུན་མོང་ཐོག་ཇུས་གཞིར་ཞིབ་འཇུག་བྱས་ནས་འདེམས་བསྐོའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཏང་གཉིས་པོས་ནང་མོལ་བྱས་རྗེས་ཁྱབ་བསྒྲགས་བྱས་པའི་མཉམ་འབྲེལ་བརྡ་ཁྱབ་ནང་ཕྱོགས་གཉིས་པོས་རྒྱལ་ཚོགས་ཀྱི་གདན་ཐོབ་ཡོད་པའི་སྲིད་འཛིན་ཏང་ཤོག་ནས་མི་སྣ་མངགས་ཏེ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། སླད་ཕྱིན་གྱི་འདེམས་བསྐོ་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཇུས་གཞི་ཞིབ་འཇུག་གཏན་འཁེལ་བྱེད་རྒྱུ། ཆབས་ཅིག་མཉམ་འབྲེལ་ཨུ་ཡོན་ལྷནཁང་གིས་ངེས་པར་དུ་སྒོ་དབྱེའི་རང་བཞིན་གྱི་ཞིབ་བསྡུར་ཚོགས་འདུ་འཚོག་ཏེ་རྒྱ་ཁྱབ་ངང་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཉན་དགོས་པའི་བཅས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག