མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུ་ཁེ་ལན་གྱི་རྒྱལ་སར་ཟིང་ཆ་ལངས་ནས་མི་400ལྷག་ཙམ་ཤི་རྨས་བྱུང་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-20 19:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཁེ་ལན་གྱི་རྒྱལ་ས་ཅི་ཕུར་སྤྱི་ཚེས་18ཉིན་ཉེ་ལམ་ཟླ་བ་གསུམ་རིང་ཚབས་ཆེ་ཤོས་ཀྱི་དྲག་ཤུགས་གདོང་ཐུག་ཤོར་ནས་དམག་དཔུང་གི་ཉེན་རྟོག་དང་གསར་འགོད་པ་མང་པོ་ཚུད་པའི་མི་26རྐྱེན་ལམ་དུ་ཤོར་བ་དང་མི་388ལ་རྨས་སྐྱོན་ཕོག་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་དང་ཨུ་རུ་སུ། ཀྲུང་གོ་སོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་ནས་དྲག་ཤུགས་ཁྲག་འདོན་བཀག་འགོག་བྱེད་པ་དང་སྐད་ཆ་ཤོད་རེས་དང་ཞི་བདེའི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གསལ་བསྒྲགས་སྤེལ་བའི་ནང་ཝུ་ཁེ་ལན་ཕྱོགས་ཁག་ནས་འཕྲལ་དུ་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་ལྷག་བསམ་རྣམ་དག་གིས་སྐད་ཆ་ཤོད་རེས་སླར་གསོ་བྱེད་པ་མ་ཟད་གང་མགྱོགས་གྲུབ་འབྲས་ཐོབ་པ་བྱེད་དགོས་པ་དང་མིག་སྔའི་ཁ་ཚ་དགོས་གཏུག་ནི་ཟིང་ཆ་དང་ཁྲག་དོན་གདོང་ཐུག་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད།

ཨུ་རུ་སུས་སྤྱི་ཚེས་19ཉིན་ཅི་ཕུའི་དྲག་ཤུགས་གདོང་ཐུག་ལ་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁེ་ཧྥུས། ཨུ་རུ་སིའི་འགོ་ཁྲིད་པས། ཐལ་སྐྱོད་པས་གདོང་ཐུག་ལ་འགན་འཁྲི་མཐར་ཕྱིན་པ་འཁུར་དགོས་པ་དང་ཨུ་རུ་སུས་ཝུ་ཁེ་ལན་གྱི་ཐལ་སྐྱོད་པའི་བྱ་སྤྱོད་ཁྲོད་ནས་སྲིད་སྒྱུར་གྱི་ལྐོག་གཡོ་མཐོང་བྱུང་ཞེས་བཤད་ཡོད་པ་དང་ཁོང་གིས་དེ་དང་དུས་མཚུངས་སུ་ཨུ་རུ་སུ་ཕྱོགས་ཀྱིས་ཝུ་ཁེ་ལན་གྱི་ནང་སྲིད་ཐེ་ཇུས་བྱེད་རྩིས་བྱས་པ་ཟེར་བའི་ཤོད་ཚུལ་ལ་དགག་པ་བརྒྱབ་པ་དང་དུས་མཚུངས་སུ་ཨུ་རུ་སུའི་ཙུང་ཐུང་ནས་ཝུ་ཁེ་ལན་གྱི་ཙུང་ཐུང་ལ་གང་ཞིག་བྱེད་པ་དང་གང་འདྲ་བྱེད་པའི་གནད་དོན་ཐད་གྲོས་འགོ་འདོན་མྱོང་མེད་ལ་འདོན་ཡང་མི་སྲིད་ཅེས་བཤད་ཡོད་པ་རེད།

དབྱིན་ཇི་དང་ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་ཀྱི་དཔོན་རིགས་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་གཅིག་རྗེས་གཉིས་མཐུད་ངང་གསལ་བསྒྲགས་སྤེལ་ནས་ཝུ་ཁེ་ལན་གྱི་ཁྲག་འདོན་གདོང་ཐུག་དོན་གཞིར་ཁ་རྡུང་བཏང་ཡོད་པ་མ་ཟད་ཝུ་ཁེ་ལན་སྲིད་གཞུང་ནས་དོན་དེའི་ཐད་འགན་འཁུར་དགོས་ཞེས་བཤད་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག