མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འདོད་བློ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 18:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས19ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འདོད་བློ་བཏོན།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཁྲུའུ་ཡིས་ཁྱབ་བསྒྲགས་བྱས་དོན། མགོ་ཁྲིད་པ་གཉིས་ཀྱིས་གླེང་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ལ་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། ཝུའུ་ཁི་ལན་རྒྱལ་ནང་གི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ནས་མི་སྣ་མང་བོར་ཤི་རྨས་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་ཟེར།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ངེས་པར་དུ་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐུན་མོང་གི་ལྟ་ཚུལ་བཏོན། ཕུའུ་ཅིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མགོ་ཁྲིད་པར་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། ཅི་ཧྥུའུ་ཡི་ངོ་རྒོལ་ཕྱོགས་ཁག་གི་ཐལ་སྤྱོད་ཉེས་ཅན་ལ་རྒོལ་གཏམ་དྲག་པོ་བཏང་། མགོ་ཁྲིད་པ་གཉིས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་འབྲེལ་འདྲིས་བྱེད་རྒྱུའི་ཚུལ་བསྟན། མའོ་ཁི་ཨར་གྱིས་བསྟན་དོན། ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཁྱད་པར་དུ་ཨུ་རུ་སི་རྒྱལ་ཁབ་བར་གྲོས་མོལ་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག