མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ཀ་ཏཱ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 18:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་དཔོན་རིགས་ཀྱིས་བདེན་དཔང་བྱས་དོན། ཚེས18ཉིན་རྒྱལ་ས་པཱ་ཀ་ཏཱ་ནས་བྱུང་བའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་ལས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

དབྱི་རག་གི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་པ་ལྟར་ན། འགད་རྫས་གང་དྲུད་ཡོད་པའི་རླངས་འཁོར་ཞིག་པཱ་ཀ་ཏཱའི་ལྷོ་ནུབ་ཕྱོགས་ཀྱི་པཱ་ཡཱ་ས་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ཉེ་འགྲམ་ནས་འགས་གཏོར་བཏང་བ་དང་། དེའི་ཤུགས་ལས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ལ་གཏོར་བརླག་ཐེབས་ཏེ་འགྲུལ་བ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག དེ་ལས་གཞན་ཉེ་འདབས་ཀྱི་ཚོང་ལས་ས་ཁུལ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག རྒྱུས་ལོན་བྱུང་བ་ལྟར་ན། ཤི་རྨས་ཐེབས་པའི་མི་གྲངས་ལ་དབྱི་རག་སྨན་བཅོས་སྡེ་ཁག་གི་དཔོན་རིགས་ཀྱི་བདེན་དཔང་ཐོབ་ཡོད་པ་རེད།

སྔ་ཉིན་ཡང་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག