མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཁཱ་ལཱ་ཆི་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 18:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ནས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་མྱུར་བགྲོད་གཞུང་ལམ་སྟེང་ལམ་འགྲམ་གྱི་འགོག་སྲུང་ལྕགས་དྲར་ཐོ་བརྒྱབ་སྟེ་ཉེ་འགྲམ་གྱི་རྐ་ནང་དུ་ལྷུང་བ་རེད། གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་དེ་ལ་རླངས་འཁོར་གཞན་ཞིག་གིས་གཞུག་ནས་ཐོ་བརྒྱབ་པས། ཁ་ལོ་བསྒྱུར་ཐབས་བྲལ་ནས་འགོག་སྲུང་ལྕགས་དྲར་ཐོ་བརྒྱབ་པ་རེད་ཟེར།

ཉེན་རྟོག་པ་དང་རྒུད་སྐྱོབ་མི་སྣ་དོན་རྐྱེན་བྱུང་རྗེས་ཡུལ་དངོས་སུ་འབྱོར་ཏེ། རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ། སྨན་ཁང་ཕྱོགས་ཀྱིས་བསྟན་དོན། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག