མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ནི་ཙུས་ལས་སླར་ཡང་ཨ་རིའི་ཕྱི་འབྲེལ་དཔོན་རིགས་ཕྱིར་འབུད་བཏང་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-19 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནི་ཙུས་ལའི་ཙུང་ཐུང་མ་ཏུ་ལོས་སྤྱི་ཚེས་16ཉིན་ཨ་རིའི་ཕྱི་འབྲེལ་དཔོན་རིགས་གསུམ་ཕྱིར་འབུད་བཏང་བ་དང་རྒྱུ་མཚན་ནི་ཁོང་ཚོས་ཝེ་ནི་ཙུས་ལ་སྲིད་གཞུང་མགོ་རྟིང་སློག་རྩིས་བྱེད་པའི་བྱ་སྤྱོད་ནང་ཞུགས་པ་དེ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག སྤྱི་ཚེས་17ཉིན་ཨ་རིའི་རྒྱལ་དོན་ཁང་གིས་དོན་དེའི་ཐད་ཨ་རི་ཕྱོགས་ལ་ཕྱི་འབྲེལ་དཔོན་རིགས་ཕྱིར་འབུད་གཏོང་རྒྱུའི་སྐོར་གྱི་ཝེ་ནི་ཙུས་ལའི་བརྡ་ཐོ་གང་ཡང་འབྱོར་མེད་པ་དང་འབྲེལ་ཡོད་སྐྱོན་འཛུགས་ནི་གཞི་འཛིན་ས་སྤུ་ཙམ་མེད་པ་དང་ནོར་འཁྲུལ་ཞིག་རེད་ཅེས་བཤད་འདུག

དེ་ནི་མ་ཏུ་ལོས་སྲིད་དབང་འཛིན་ཚུན་ཝེ་ནི་ཙུས་ལ་ཕྱོགས་ནས་ཨ་རིའི་ཕྱི་འབྲེལ་དཔོན་རིགས་ཕྱིར་འབུད་གཏོང་རྒྱུ་ཁྱབ་བསྒྲགས་བྱེད་ཐེངས་གསུམ་པ་དེ་ཡིན་པ་དང་ཝེ་ནི་ཙུས་ལའི་ཕྱི་འབྲེལ་པུས་ཨ་རིའི་ཕྱི་འབྲེལ་དཔོན་རིགས་གསུམ་ཆུ་ཚོད་24ནང་ཝེ་ནི་ཙུས་ལའི་ས་ཁོངས་ནས་ཁ་བྲལ་དགོས་པའི་བརྡ་བཏང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག