མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ན་ནིང་ཟླ12པར་ཀྲུང་གོས་ཨ་རིའི་རྒྱལ་བུན་བདག་འཛིན་བྱེད་ཚད་སྒོར་དུང་ཕྱུར478ཉུང་དུ་བཏང་བ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-19 10:55

ཞིན་ཧྭ་གསར་འགྱརུ་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ནོར་སྲིད་པུའུ་ཡིས་སྤྱི་ཚེས་བཅོ་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། ན་ནིང་ཟླ་བ་བཅུ་གཉིས་པར། ཨ་རིའི་བུན་བདག་རྒྱལ་ཁབ་ཆེ་ཤོས་ཀྲུང་གོས་ཨ ་རིའི་རྒྱལ་བུན་ཨ་སྒོར་དུང་ཕྱུར་478ཉུང་དུ་བཏང་ཡོད་པ་རེད།

གྲངས་གཞི་ལས་གསལ་བར། ཟླ་བ་དེར་ཀྲུང་གོས་བདག་གིར་བཟུང་བའི་ཨ་རིའི་རྒྱལ་བུན་ཨ་སྒོར་དུང་ཕྱུར་ཆིག་ཁྲི་དང་བྱེ་བ་གཉིས་དང་ས་ཡ་དྲུག་དང་བརྒྱད་འབུམ་དགུ་ཁྲི་ཟིན་པ་དེ་ཟླ་བ་གོང་མའི་ཨ་སྒོར་དུང་ཕྱུར་ཆིག་ཁྲི་དང་བྱེ་བ་གསུམ་དང་ས་ཡ་གཅིག་དང་དྲུག་འབུམ་བདུན་ཁྲི་ལས་དམའ་བ་ཡོད་ཅིང་། བསྟུད་མར་ཟླ་བ་གསུམ་འཕར་རྗེས་ཆག་ཐེངས་དང་པོ་དེ་ཡིན་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག