མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་འཇར་པན་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་མྱུར་དུ་སྤེལ་བར་རྔམ་བཞིན་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 10:48

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་བུན་ཞོང་གིས་ཚེས18ཉིན་བསྟན་དོན། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཡུན་པེན་ཧྲི་དང་མྱུར་དུ་གྲོས་མོལ་བྱས་ཏེ་འཇར་པན་དང་ཧན་གོའི་བར་གྱི་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་བར་རེ་བས་ཁེངས་ཡོད་ཟེར།

ཨན་ཐེན་བུན་ཞོང་གིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ངས་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱིས་ཕན་ཚུན་བཟོད་སྒོམ་བྱེད་པར་རེ་བས་ཁེངས་ཡོད་ཡོད་པ་དང་། ཧན་གོ་ནི་འཇར་པན་གྱི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོ་ཞིག་ཡིན་ཞིང་། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཕྱོགས་གཉིས་ཀྱི་མཉམ་ལས་དེ་ཁྲའོ་ཞན་གྱི་གནས་བབ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར།

ཨན་ཐེན་བུན་ཞོང་གིས་ནན་གྱིས་བསྟན་དོན། འཇར་པན་སྲིད་གཞུང་གིས་ཧན་གོའི་སྲིད་གཞུང་བར་ཕྱི་འབྲེལ་གྱི་གྲོས་གཞི་མང་བོའི་ཐད་ནས་མཉམ་ལས་བྱེད་འདོད་ཡོད་ཟེར།

ཨན་ཐེན་བུན་ཞོང་གིས་ཟླ་སྔོན་མར་སུའེ་ཙེར་ནས་ཧན་གོའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ཀྲའོ་ཡོས་ལེ་ལ་ཐུག་འཕྲད་བྱེད་སྐབས་འཇར་པན་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་དེ་མྱུར་དུ་སྤེལ་དགོས་པའི་རེ་བ་བཏོན་མྱོང་།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་དུ་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་ལིས་པེན་ཆི་ཡིས་ཚེས17ཉིན་འཇར་པན་གྱི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ཆི་མུའུ་ཀྲའོ་ལུང་དང་གྲོས་མོལ་བྱས་ཏེ། འཇར་པན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པའི་ཇུས་གཞི་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་སྲིད་གཞུང་གིས་གྲོས་གཞི་བཏོན་ཏེ། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་གཉིས་ཀྱིས་ད་ལོའི་ཟླ་གསུམ་པར་ཧི་ལན་གྱི་ཧེ་ཡཱ་ནས་ཉིང་རྡུལ་ནུས་པའི་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་གསུམ་པར་ཞུགས་སྐབས་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན་ཡང་། ཧན་གོའི་ཆིན་ཝ་ཐེ་ཡིས་ཚེས་བཅུ་དྲུག་ཉིན་འབྲེལ་ཡོད་གནས་ཚུལ་ཁས་ལེན་མ་བྱས་པ་དང་། ཟླ་རྗེས་མའི་ཉིང་རྡུལ་ནུས་པའི་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་མགོ་གཙོའི་གྲོས་མོལ་བྱེད་པའི་གནད་དོན་ཐད་ནས་འཇར་པན་བར་འབྲེལ་འདྲིས་བྱས་མེད་པ་བསྐྱར་སྒྲོག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག