མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་སི་རི་ཡཱ་རུ་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་ཚོགས་ཁག་ཅིག་རྩད་ཆོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-18 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་བདེ་འཇགས་མི་སྣ་ཞིག་གིས་ཚེས17ཉིན་བཤད་རྒྱུར། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་ལ་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་གསང་བའི་ཚོགས་ཁག་ཅིག་རྩད་ཆོད་ཟེར།

བདེ་འཇགས་མི་སྣ་དེས་བཤད་རྒྱུར། གཟའ་འཁོར་འགའི་སྔོན་ཨར་ཅི་རི་ཡཱའི་གསང་འཕྲིན་ལས་ཁུངས་ཀྱིས་ཁུངས་སྣེ་རྙེད་དེ། ཚོགས་ཁག་དེ་ཨར་ཅི་རི་ཡཱ་དང་ཐུ་ནི་ཞི་ཡཱ། ཧྥ་རན་སི། སི་ཕན། པུ་ལི་ཧྲི་བཅས་སུ་འགུལ་སྐྱོད་བྱེད་བཞིན་པའི་གནས་ཚུལ་ཤེས། ཐུ་ནི་ཞི་ཡཱ་དང་ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱི་མཉམ་ལས་ལ་བརྟེན་ནས། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ཚོགས་ཁག་དེ་རྩད་ཆོད་པ་དང་། རྒྱལ་ས་ཨར་ཅིར་ལྷོ་ངོས་ཀྱི་སྤྱི་ལེ་ལྔ་བརྒྱའི་མཚམས་སུ་ཡོད་པའི་པུས་སི་ཁཱ་ལཱ་ཞིང་ཆེན་ནས་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཡོད་ལ། དེའི་ནང་མི་གཅིག་གི་ཁྱིམ་ནས་སྒོར་མོ་དང་ལམ་ཡིག་རྫུན་མ་མང་བོ་རྙེད། རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཁག་དེར་ཕ་ཡུལ་ཧྥ་རན་སིའི་ཡིན་པའི་ཨར་ཅི་རི་ཡཱའི་མི་ཞིག་གིས་མགོ་ཁྲིད་བྱེད་པ་དང་། དུས་རྒྱུན་དཔང་ཡིག་རྫུན་མར་བརྟེན་ནས་ལེ་པཱ་ནུན་དང་ཐུར་ཁེ་སོགས་བརྒྱུད་དེ་སི་རི་ཡཱའི་མངའ་ཁོངས་སུ་འགྲོ་བཞིན་ཡོད།

ཨར་ཅི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱ་ནས་ཨར་ཅི་རི་ཡཱའི་མི་དྲུག་བརྒྱ་ལྷག་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་ནང་ཞུགས་པར་ཐོ་འགོད་བྱས་པ་དང་། དེའི་ནང་མི་སུམ་བརྒྱ་དང་བརྒྱད་ཅུ་ལྷག་སི་རི་ཡཱའི་སྲིད་གཞུང་གིས་བསད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག