མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་ཡན་ལག་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་བདེ་འཇགས་མི་སྣ23དམར་གསོད་བཏང་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-17 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་ཡན་ལག་རྩ་འཛུགས་ཤིག་གིས་ཚེས16ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། རྩ་འཛུགས་དེས་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་མའོ་ཧི་མན་ཏི་ཐི་ས་ཁུལ་ནས་བཙན་ཁྲིད་བྱས་པའི་བདེ་འཇགས་མི་སྣ23དམར་གསོད་བྱས་ཟེར།

བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱི་མའོ་ཧི་མན་ཏི་ཐི་ས་ཁུལ་གྱི་ཡན་ལག་རྩ་འཛུགས་ཀྱི་མགོ་བ་ཧཱ་ལི་ཏི་ཡིས་ཉིན་དེར་བརྙན་རིས་དང་འཕྲིན་ཡིག་ལ་བརྟེན་ནས། ཁོ་ཚོས་ཚེས་བཅུ་དྲུག་ཉིན་མའོ་ཧི་མན་ཏི་ཐི་ས་ཁུལ་ནས་བཙན་ཁྲིད་བྱས་པའི་མཐའ་མཚམས་འགོག་སྲུང་བྱེད་པའི་བདེ་འཇགས་མི་སྣ23དམར་གསོད་བྱས་ཟེར། ཧཱ་ལི་ཏི་ཡིས་བཤད་རྒྱུར། མི་དེ་དག་དམར་གསོད་བྱས་པ་ནི་ཡན་ལག་རྩ་འཛུགས་དེའི་ཁོངས་མི་བཙོན་ཁང་ནས་བསད་པར་འཁོན་ལན་སློག་པ་དང་། སྲིད་གཞུང་གིས་རྩ་འཛུགས་དེའི་ཁོངས་མིར་གནོད་སྐྱེལ་མཚམས་འཇོག་དགོས་པའི་རེ་བ་འདོན་པའི་ཆེད་དུ་ཡིན་ཟེར།

མིག་སྔའི་བར་དུ། དཔོན་ཕྱོགས་ཀྱིས་ད་རུང་དོན་དེར་རྣམ་འགྱུར་ཅི་ཡང་བསྟན་མེད།

ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་ཉེས་ཅན་གྱིས2010ལོའི་ཟླ6པའི་ཚེས14ཡི་ཉིན་མའོ་ཧི་མན་ཏི་ཐི་ས་ཁུལ་ནས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། མཐའ་སྲུང་བདེ་འཇགས་མི་སྣ་མང་བོ་བཙན་ཁྲིད་བྱས་མྱོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག