མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཀྲུང་དབྱང་གི་སྙན་ཞུའི་ཚོགས་ཆེན་བསྡུས་ཏེ་ཅིན་ཀྲིན་རི་སྐུ་འཁྲུངས་ནས་ལོ་ངོ་དོན་གཉིས་འགོར་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-17 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་ཁུངས་ཚགས་པར«ངལ་རྩོལ་གསར་འགྱུར»གྱིས་ཚེས16ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བཅོ་ལྔ་ཉིན་ཕེན་རང་ནས་བློ་མཐུན་ཅིན་ཀྲིན་རི་སྐུ་འཁྲུངས་ནས་ལོ་ངོ་དོན་གཉིས་འགོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་གི་སྙན་ཞུའི་ཚོགས་ཆེན་བསྡུས་པ་དང་། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ཚོགས་ཆེན་ལ་ཞུགས།

བསྒྲགས་པ་ལྟར་ན། ཅིན་ཡུང་ནན་དང་ཕེའོ་ཧྥུན་ཀྲུའུ། ཚོས་ལུང་ཧེ་སོགས་ཁྲའོ་ཞན་གྱི་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་། དེ་མིན་ཁྲའོ་ཞན་ལས་རིགས་སོ་སོའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས། ཁྲའོ་ཞན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་གཞུང་ཚབ་པ་དང་། རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི། དྲག་ལས་སྐྱོང་བའི་དཔོན་པོ་སོགས་ཀྱང་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་གྱིས་ཚོགས་ཐོག་ནས་སྙན་ཞུ་ཕུལ་ཏེ། བློ་མཐུན་ཅིན་ཀྲིན་རིའི་གསར་བརྗེ་ལ་བསྟིམས་པའི་མི་ཚེ་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ཁྲའོ་ཞན་གྱིས་རང་བདག་དང་ཞི་བདེ། མཛའ་མཐུན་བཅས་ཀྱི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཁྲའོ་ཞན་གྱི་རང་བདག་དབང་ཆར་བརྩི་འཇོག་དང་ཁྲའོ་ཞན་བར་མཛའ་མཐུན་གྱི་འབྲེལ་བ་འཛིན་པའི་རྒྱལ་ཁབ་ཚང་མའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། མིའི་རིགས་ཀྱི་ཐུན་མོང་གི་དར་རྒྱས་ཐད་འབད་བརྩོན་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཁྲའོ་ཞན་གྱི་ས་ཁུལ་སོ་སོས་ཀྱང་སོ་སོར་སྙན་ཞུའི་ཚོགས་ཆེན་བསྡུས་ཏེ་བློ་མཐུན་ཅིན་ཀྲིན་རི་སྐུ་འཁྲུངས་ནས་ལོ་ངོ་དོན་གཉིས་འགོར་བར་རྟེན་འབྲེལ་ཞུས།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་བློ་མཐུན་ཅིན་རི་ཁྲིན་དང་བློ་མཐུན་ཅིན་ཀྲིན་རི་གཉིས་ཀྱི་སྐུ་གདུང་བཞག་ཡོད་སའི་ཅིན་ཞིག་རི་བོའི་ཉི་མའི་ཕོ་བྲང་དུ་སོང་ནས་མཇལ་ཕྱག་བྱས། ཚོས་ལུང་ཧེ་དང་ལིས་ཡུང་ཅི། ཀྲང་ཀྲིན་ནན་སོགས་ཁྲའོ་ཞན་མི་དམངས་དམག་དཔུང་གི་བཀོད་འདོམ་པས་ཀྱང་ཁོ་དང་མཉམ་དུ་མཇལ་ཕྱག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག