མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གྱིས་ཅོར་ཏན་གྱིས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་པ་བསྐྱར་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ཨིན་སུའུ་ཨར་གྱིས་ཚེས15ཉིན་ཅོར་ཏན་གྱིས་དབྱི་རག་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་པའི་འདུན་པ་དྲག་པོ་ཡོད་པའི་ཚུལ་བསྟན་པར་མ་ཟད། ཅོར་ཏན་གྱིས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་པ་བསྐྱར་བསྒྲགས་བྱས།

ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན།ཨིན་སུའུ་ཨར་གྱིས་ཉིན་དེར་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱི་རག་གི་འགྲིམ་འགྲུལ་པུའུ་ཀྲང་ཨ་མུས་ལི་དང་གྲོས་མོལ་བྱས། ཨིན་སུའུ་ཨར་གྱིས་ནན་གྱིས་བསྟན་དོན།ཅོར་ཏན་གྱིས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་པ་དང་།དབྱི་རག་གིས་རྒྱལ་ཁབ་ཀྱི་བརྟན་འཇགས་དང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར། ཨིན་སུའུ་ཨར་གྱིས་ད་རུང་བསྟན་དོན།སྐྱེལ་འདྲེན་སྡེ་ཁག་ནི་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན་པས།རྒྱལ་ཁབ་གཉིས་ཀྱིས་དེའི་ཐད་ནས་མཉམ་ལས་བྱས་ན་ཕན་ཚུན་གྱི་ཐུན་མོང་ཁེ་ཕན་དང་འཕེལ་རྒྱས་ལ་ཕན་པ་ཡོད་ལ། རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་འབོར་གྲངས་ཀྱང་ཇེ་མང་དུ་འགྲོ་སྲིད་ཟེར།

ཨ་མུས་ལི་ཡིས་ད་རུང་ཨིན་སུའུ་ཨར་ལ་དབྱི་རག་གི་ནེ་ཀི་ཡིས་དབྱི་རག་དང་ཅོར་ཏན་བར་གྱི་རྡོ་སྣུམ་སྦུག་ལམ་ཇེ་རིང་དུ་གཏོང་བར་དངོས་སུ་ཆོག་མཆན་བཀོད་པ་དང་།ཆེད་དམིགས་ཀྱི་ཀུང་ཟི་ཆེན་པོས་ལས་གཞི་དེ་ལག་བསྟར་བྱེད་རྒྱུ་ཡིན་པའི་གནས་ཚུལ་སྙན་ཞུ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག