མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་ལ་ཁངས་ཆེན་བབས་ནས་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ལ་གནོད་པ་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 11:08

ཟླ2པའི་ཚེས15ཉིན། འཇར་པན་གྱི་ཀོན་ཏུང་ས་ཁུལ་གྱི་སྲང་ལམ་དག་ཁ་བས་ཡོངས་སུ་གཡོགས་འདུག་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཇར་པན་ཀོན་ཏུང་དང་བྱང་ཤར་ས་ཁུལ་དུ་ཚེས14དང་ཚེས15ཉིན་ཡང་བསྐྱར་གངས་ཆེན་གྱི་འཇིགས་པ་ཐེབས། གངས་ཆེན་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ལས་མི7རྐྱེན་ལམ་དུ་ཤོར་བ་དང་།མི1100ལྷག་ལ་རྨས་ཕོགགངས་ཆེན་ལས་ད་རུང་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ལ་བར་ཆད་ཆེན་པོ་བཟོས་ཡོད་ལ། མི་འབུམ6.6ལྷག་གི་འགྲུལ་བཞུད་ལ་ཤུགས་རྐྱེན་ཐེབས་ཡོད།

ཁངས་ཆེན་བབས་པའི་དབང་གིས་འགྲིམ་འགྲུལ་དོན་རྐྱེན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད།ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར།ཏུང་ཅིན་དང་ཧྲིན་ནཱ་ཁྲོན་རྫོང་བར་གྱི་མེ་འཁོར་གངས་ཆགས་ཀྱི་དབང་གིས་ཡོན་ཀྲུའུ་ཅི་མེ་འཁོར་ས་ཚིགས་ནས་ཐོ་བརྒྱབ་པ་དང་།མེ་འཁོར་ལྕགས་ལམ་ལས་བརྒལ་ནས་འགྲུལ་བ་བཅུ་དགུ་ལ་རྨས་ཕོག ཅིན་ཀང་གྲོང་ཁྱེར་གྱི་ཏུང་ཅིན་ནས་མེན་ཀུའུ་བོ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་ཚེས15ཉིན་གྱི་ཞོགས་པར་རླངས་འཁོར་ལྔ་ཐོ་བརྒྱབ་པའི་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ།མི1རྐྱེན་ལམ་དུ་ཤོར།

དེ་ལས་གཞན་གངས་ཆེན་ལས་ད་རུང་ཏུང་ཅིན་ཏུའུ་དང་། ཆན་ཡེ་རྫོང་། ལེ་མུའུ་རྫོང་། ཧྲན་ལེ་རྫོང་སོགས་ས་ཆའི་ཁྱིམ་ཚང་ཁྲི57000ཙམ་ལ་གློག་ཆད།

འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་དཔག་བྱས་པ་ལྟར་ན།འཇར་པན་གྱི་ས་ཁུལ་ཁག་ཅིག་ལ་ཚེས16ཉིན་མུ་མཐུད་དུ་གངས་འབབ་རྒྱུ་ཡིན་པ་དང་།མང་ཚོགས་ཀྱིས་གངས་ཉིལ་བ་སོགས་གནོད་འཚེ་ལ་འཛེམ་དོགས་བྱེད་དགོས་པའི་སྐུལ་མ་བཏང་། ཟླ་འདིའི་ཚེས8ཉིན་ས་ཁུལ་མང་ཤོས་ཤིག་ལ་གངས་ཆེན་གྱི་གནོད་པ་ཐེབས། གངས་ཆེན་དེ་ལས་མི5རྐྱེན་ལམ་དུ་ཤོར་བ་དང་། མི600ལྷག་ལ་རྨས་ཕོག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག