མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས15ཉིན་ལེ་པཱ་ནུན་གྱི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དངོས་སུ་བཙུགས་པར་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། ཨོ་ལིང་ཏི་ཡིས་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་ཙུང་ལི་གསར་བ་སཱ་ལཱ་མུའུ།དེ་མིན་ལེ་པཱ་ནུན་གྱི་ཁེ་ཕན་ཆེད་དུ་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་པར་ཡར་སྐུལ་བྱས་པའི་མི་ཚང་མར་གཟེངས་བསྟོད་བྱས་ཤིང་། ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་འོས་འགན་ལ་བརྩི་འཇོག་བྱེད་པ་དང་།ཁྱད་པར་དུ་ཙུང་ཐུང་འདེམ་བསྐོའི་ཐད་ནས་དེ་བཞིན་དུ་འགན་འཁྲིའི་འདུ་ཤེས་བཟང་བོ་ཡོད་དགོས་པའི་རེ་བ་བཏོན།

ཨོ་ལིང་ཏི་ཡིས་བསྟན་དོན།མིག་སྔར་ལེ་པཱ་ནུན་ལ་འགྲན་རྩོད་མང་བོ་གདོང་གིས་བསུ་བའི་སྲིད་གཞུང་ཞིག་ཡོད་ཀྱང་།མིག་སྔར་ཆེས་གལ་ཆེ་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བར་རོགས་རམ་བྱེད་རྒྱུ་དེ་རེད་ཟེར། ཁོས་བཤད་རྒྱུར།མི་འགྱང་པར་ལེ་པཱ་ནུན་ནས་སྤེལ་རྒྱུ་ཡིན་པའི་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཚན་ཆུང་གྲོས་ཚོགས་ཀྱི་དམིགས་ཡུལ་ཡང་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་ཆེད་དུ་ཡིན་ཟེར། ཨོ་ལིང་ཏི་ཡིས་ནན་གྱིས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་སྔར་བཞིན་དུ་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག