མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཆོས་ལུགས་གཙོ་འཛིན་གྱིས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དང་སྲིད་གཞུང་གིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཕཱ་ཁི་སི་ཐན་གྱི་ཆོས་ལུགས་གཙོ་འཛིན་གྱིས་ཚེས15ཉིན་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དང་སྲིད་གཞུང་གིས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ། མུ་མཐུད་དུ་གྲོས་མོལ་བྱེད་པར་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཕྱོགས་ཁག་མི་འདྲ་བ་ནས་ཡོང་བའི་ཆོས་ལུགས་གཙོ་འཛིན་ལྔ་བཅུ་ལྷག་གིས་ཉིན་དེར་ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ལཱ་ཧི་ཨར་གྲོང་ཁྱེར་ནས་གྲོས་ཚོགས་བསྡུས་ཏེ།གྲོས་མོལ་ཕྱོགས་ཁག་གཉིས་ཀྱིས་ཞི་བདེའི་ཐུན་མོང་ལྟ་ཚུལ་མ་བཀོད་གོང་དགོས་མེད་ཀྱི་དོན་རྐྱེན་བཟོ་མི་རུང་བའི་རེ་བ་བཏོན་པར་མ་ཟད། གྲོས་མོལ་ནི་དེང་སྐབས་རྒྱལ་ནང་གི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

ཐཱ་ལེ་པན་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སཱ་མུག་ཨར་གྱིས་གྲོས་ཚོགས་གྲོལ་རྗེས་གསལ་བསྒྲགས་སྤེལ་ཏེ།དྲག་ཆས་འགུལ་སྐྱོད་ཀྱིས་སྔར་ལས་ཆེ་བའི་གཏོར་བརླག་དོན་རྐྱེན་བཟོ་སྲིད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཆེན་པོ་བཟོ་སྲིད་ཟེར།ཁོས་ད་རུང་བསྟན་དོན།ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དང་སྲིད་གཞུང་གི་ཞི་བའི་གྲོས་མོལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ཡི་ཉེན་རྟོག་པ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཚེས13ཉིན་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཉེན་རྟོག་པ13རྐྱེན་ལམ་དུ་ཤོར་བ་དང་།མི30ལ་རྨས་ཕོགཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་པ་དང་།མིག་སྔར་འཁྲུག་རྩོད་དངོས་སུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་མེད་པའི་ཚུལ་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག