མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུའུ་ལཱ་ཞེ་མུས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་སྐོར་ཐེངས་གསུམ་པའི་ཞི་བའི་གྲོས་མོལ་གྱི་གྲོས་གཞིའི་ཐད་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་དེ་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་རི་ནེ་ཝའི་ཝན་གོ་ཕོ་བྲང་ནས་གྲོལ། གྲོས་མོལ་དེར་མཇུག་མཐར་གྲུབ་འབྲས་ཅི་ཡང་ཐོབ་མེད།མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་སྐོར་ཐེངས་གསུམ་པའི་ཞི་བའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཞི་བའི་གྲོས་མོལ་གྱི་གྲོས་གཞི་ལ་འཐད་པ་བྱུང་ཡོད་ཟེར།

པུའུ་ལཱ་ཞེ་མུས་ཀྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན།སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་སྐོར་ཐེངས་གསུམ་པའི་ཞི་བའི་གྲོས་མོལ་གྱི་གྲོས་གཞིའི་ཐད་གྲོས་མཐུན་བཀོད་པ་དང་། འཇིགས་སྐུལ་ངོ་རྒོལ་བྱེད་པ་དང་བར་བརྒལ་དོ་དམ་ལས་ཁུངས།རྒྱལ་ཁབ་ལས་ཁུངས།རྒྱལ་ཡོངས་ཀྱི་འགྲིག་མཐུན་དང་གྲོས་མོལ་སོགས་ནང་དོན་འདུས་ཡོད་ཀྱང་།ཕྱོགས་གཉིས་བར་ཞི་བའི་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་དང་བཀོད་སྒྲིག་ཐད་སྔར་བཞིན་འགལ་བ་ཡོད་ཟེར།

པུའུ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར།འཇིགས་སྐུལ་ངོ་རྒོལ་བྱེད་པ་དང་བར་བརྒལ་དོ་དམ་ལས་ཁུངས་འཛུགས་པའི་གྲོས་གཞི་ཆེན་པོ་གཉི་ག་གལ་འགངས་ཆེ་བ་དང་།སྐོར་ཐེངས་གསུམ་པའི་ཞི་བའི་གྲོས་མོལ་གྱི་ཉིན་དང་པོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་གཞི་ལ་གྲོས་བསྡུར་བྱེད་པ་དང་།ཉིན་གཉིས་པར་བར་བརྒལ་དོ་དམ་ལས་ཁུངས་འཛུགས་པའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་གྲོས་གཞི་བཏོན་ཡོད། སི་རི་ཡཱའི་སྲིད་གཞུང་གིས་གྲོས་གཞི་དེར་ངོ་རྒོལ་བྱས་པ་དང་།མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སི་རི་ཡཱའི་འཐུས་མི་ཅཱ་ཧྥ་ལི་ཡིས་བཤད་རྒྱུར།ཕྱོགས་གཉིས་ཀྱིས་གྲོས་གཞི་རེ་རེ་ལ་གྲོས་བསྡུར་ཞིབ་མོ་བྱས་ཏེ་གྲོས་མཐུན་འགོད་དགོས་ཟེར།

པུའུ་ལཱ་ཞེ་མུས་ཀྱིས་སྐོར་ཐེངས་རྗེས་མའི་ཞི་བའི་གྲོས་མོལ་སྔ་མོ་ནས་སྤེལ་བའི་རེ་བ་བཏོན་པར་མ་ཟད།སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་བསམ་བློ་ཡག་པོ་གཏོང་བ་དང་འགན་འཁྲི་དང་དུ་བླངས་ནས་ནན་ཏན་གྱིས་སྐོར་ཐེངས་རྗེས་མའི་ཞི་བའི་གྲོས་མོལ་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག