མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་གྲོས་ཚོགས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཚོགས་ཡུན་ཉིན་གཉིས་ཡིན་པའི་ཐུར་ཁེ་དང་ཨ་ཧྥུའུ་ཧན།ཕཱ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་གྲོས་ཚོགས་ཐེངས་བརྒྱད་པ་ཉེ་སྔོན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་གྲོལ། ཐུར་ཁེའི་ཙུང་ལི་ཅུའུ་ཨར་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་བཅས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨེ་ཤ་ཡཱའི་སྲོག་སྙིང་དུ་གྱུར་བའི་ས་ཁུལ་གྱི་རྒྱུན་མཐུད་ཞི་བདེ་ཞེས་པ་དེ་རེད། ཁཱ་ཨར་ཀྲ་དབྱེ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོ་ནི་ཨ་ཧྥུའུ་ཧན་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་ལོ་ཞིག་ཡིན་པ་དང་།ཨ་ཧྥུའུ་ཧན་ཙུང་ཐུང་འདེམ་བསྐོ་དང་རྒྱལ་ཁབ་མང་བོའི་དམག་དཔུང་ཕྱིར་འཐེན་བྱས་པ་ལས་བྱུང་བའི་བདེ་འཇགས་ཉེན་ཁར་འཕྲད་སྲིད་ཟེར། ཞེ་ལི་ཧྥུའུ་ཡིས་ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་།མཉམ་ལས་རྒྱ་བསྐྱེད་དེ།མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་སེལ་འདོད་ཡོད་པའི་ཚུལ་བསྟན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་ད་རུང་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱིས་ཕན་ནུས་ལྡན་པའི་སྒོ་ནས་མཐའ་མཚམས་ཚོད་འཛིན་བྱེད་པའི་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་པའི་དགོས་གལ་རང་བཞིན་ནན་བཤད་བྱས།

ཐུར་ཁེ་དང་ཨ་ཧྥུའུ་ཧན།ཕཱ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་གྲོས་ཚོགས་དེ་ནི་ཐུར་ཁེ་རྒྱལ་ཁབ་ཀྱིས་ཐོག་མར་བཏོན་པ་ཡིན་ཞིང་།དམིགས་ཡུལ་ནི་ཕྱོགས་གསུམ་པའི་ཐོབ་ཐང་གིས་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་ཡིད་ཆེས་དང་མཉམ་ལས་ལ་ཡར་སྐུལ་བྱེད་པའི་ཆེད་དུ་རེད། 2007ལོར་ཐོག་དང་པོར་སྤེལ་བ་དང་། ད་ལྟའི་བར་ཐེངས་བརྒྱད་ལ་སྤེལ།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག