མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་དྲག་ཆས་འཁྲུག་རྩོད་བྱུང་ནས་ཟླ་ངོ་གཉིས་འགོར་བའི་རིང་ལ་ཉུང་མཐར་ཡང་བྱིས་པ133ལ་དམར་གསོད་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས14ཡི་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ན་ནིང་ཟླ་བཅུ་གཉིས་པའི་ཟླ་མགོར་ཡང་བསྐྱར་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། ཉུང་མཐར་ཡང་བྱིས་པ་བརྒྱ་དང་སོ་གསུམ་དམར་གསོད་བྱས་པའམ་ཡན་ལག་བཅད་པའི་གནས་ཚུལ་བྱུང་ཡོད་ལ། དེའི་ནང་རེ་འགའ་ནི་བསམ་བཞིན་དུ་བཟོས་པའི་ནག་ཉེས་ཡིན་པས་བྱིས་པའི་ཐེབས་རྩ་ཚོགས་པས་དོན་དེར་ཧ་ལས་པའི་ཚུལ་བསྟན་པ་དང་། བྱིས་པ་དམར་གསོད་བྱེད་པའི་བྱ་སྤྱོད་དེ་རིགས་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག