མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཏིས་མའོ་མན་སི་ཡིས་ཚེས་བཅུ་བཞིའི་ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། ཧི་ལན་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཏིས་མའོ་མན་སི་ཡིས་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཏཱ་བུའུ་ཐི་ཨོ་ལུའུ་དང་མཉམ་དུ་ཐུར་ཁེ་དང་ཧི་ལན་ཕྱོགས་གཉིས་ཀྱི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གལ་སྲིད་ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་འཕེལ་རིམ་མཇུག་སྒྲིལ་ན། ཧི་ལན་གྱིས་དགའ་སྤྲོ་ཆེན་པོའི་སྒོ་ནས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱིམ་གཞིས་ཆེན་མོའི་ནང་ཞུགས་པར་དགའ་བསུ་ཞུ་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག