མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱིས་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མེད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་ཚེས་བཅུ་བཞིའི་ཉིན་རི་ནེ་ཝ་ཡི་ཝན་གོ་ཕོ་བྲང་ནས་བསྟན་དོན། སི་རི་ཡཱའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མེད་ཟེར།

སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མེ་ཁི་ཏཱ་ཏི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡིད་འཕང་བ་ཞིག་ལ་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མེད་ཟེར། སི་རི་ཡཱའི་སྲིད་གཞུང་གིས་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཀྱང་། ངོ་རྒོལ་ཕྱོགས་ཁག་གིས་ལྟ་ཚུལ་མི་མཐུན་པ་བཟུང་ཡོད་པ་དང་། ཁོ་ཚོས་བར་བརྒལ་དོ་དམ་ལས་ཁུངས་འཛུགས་པའི་གྲོས་གཞི་དེ་ཁོ་ནར་གྲོས་བསྡུར་བྱེད་འདོད་ཡོད་ལ། དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད་ཟེར།

མེ་ཁི་ཏཱ་ཏི་ཡིས་བསྐྱར་སྒྲོག་བྱས་དོན། འཇིགས་སྐུལ་རིང་ལུགས་གཙང་སེལ་བྱེད་པ་ནི་སི་རི་ཡཱའི་མི་དམངས་ཀྱི་རེ་འདུན་ཡིན་པ་དང་། སི་རི་ཡཱའི་སྲིད་གཞུང་གིས་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་མཇུག་སྒྲིལ་བར་འབད་བརྩོན་བྱེད་བཞིན་ཡོད། གལ་ཏེ་ཕྱོགས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་གྲོས་འཆམ་བྱུང་ན། ང་ཚོས་བར་བརྒལ་དོ་དམ་ལས་ཁུངས་འཛུགས་པའི་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་ཟེར།

རི་ནེ་ཝ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་གིས་ཚེས་བཅུ་བཞིའི་ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མུ་མཐུད་དུ་སི་རི་ཡཱའི་ཕྱོགས་ཁག་གཉིས་བར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་དེ་ཚེས་བཅུ་ཉིན་རི་ནེ་ཝ་ནས་དངོས་སུ་མགོ་བརྩམས་པའི་ཚུན་ལ། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་མུ་མཐུད་དུ་སྐོར་ཐེངས་དང་པོའི་ཞི་བའི་གྲོས་མོལ་སྐབས་བཏོན་པའི་གཞི་རྩའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་བར་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་བར་བརྒལ་དོ་དམ་ལས་ཁུངས་འཛུགས་པ་སོགས་ཀྱི་ཐད་འགལ་བ་ཆེན་པོ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག