མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-14 12:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གཙོ་སྒྲུབ་བྱས་པའི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཚོགས་པའི་ལུགས་རྙིང་ལོ་སར་བྱ་འགུལ་ཚེས13ཉིན་ཏུང་ཅིན་ནས་སྤེལ་བ་དང་། འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཚོགས་པའི་འཐུས་མི་བརྒྱ་ཕྲག་ལྷག་སྣེ་ལེན་ཚོགས་འདུར་ཞུགས།

འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཚོགས་པའི་ཚོགས་གཙོ་ཅཱ་ཐིན་ཧོང་དབྱེ་དང་། འཇར་པན་དང་ཀྲུང་གོའི་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིས་ཡོན་ཞའོ་ཅོན། འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ་གཞོན་པ་ཧེ་ཅང་ཐེན་བན་ལི། འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲིན་ཡོན་ཏེན་ཀྲིནསོགས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། ལས་རིགས་སོ་སོས་འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག